འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་མ་ལི་སྲིད་གཞུང་
    གིས་མཚོ་ཇག་ལ་རྡུང་རྡེག་བྱེད་པའི་དབང་ཆ་ནར་འགྱང་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༢ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་སོ་སོ་དང་ས་ཁུལ་གྱི་སྒྲིག་འཛུགས་ཀྱིས་སོ་མ་ལི་མཚོ་འགྲམ་དང་། སོ་མ་ལི་སྲིད་གཞུང་གིས་མཚོ་ཇག་དང་མཚོ་ཐོག་གི་དྲག་ཆས་ཀྱིས་འཕྲོག་བཅོམ་བྱེད་པའི་ལས་འགུལ་ལ་རྡུང་རྡེག་བྱེད་པའི་འབྲེལ་ཡོད་ཀྱི་དབང་ཆ་ལོ་གཅིག་ནར་འགྱང་བྱེད་རྒྱུར་གྲོས་འཆམ་བྱུང་བ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེ་ནས་བཟུང་། རྒྱལ་ཁབ་སོ་སོ་དང་ས་ཁུལ་གྱི་སྒྲིག་འཛུགས་ཀྱིས་སོ་མ་ལི་མཚོ་འགྲམ་དང་། སོ་མ་ལི་སྲིད་གཞུང་གིས་མཚོ་ཇག་དང་མཚོ་ཐོག་གི་འཕྲོག་བཅོམ་ལ་རྡུང་རྡེག་བྱེད་པའི་འབྲེལ་ཡོད་ཀྱི་དབང་ཆ་ལོ་གཅིག་ནར་འགྱངས་བྱེད་རྒྱུར་ཐག་གིས་བཅད་ཟིན་པ་དང་། གསལ་བསྒྲགས་ནང་དབང་ཆ་འདི་སོ་མ་ལིའི་གནས་བབ་གཅིག་པུ་ལ་བཀོལ་བ་ལས། འདི་རྒྱལ་སྤྱིའི་བཅའ་ཁྲིམས་སུ་བརྩི་མི་རུང་བ་མ་ཟད། གསལ་བསྒྲགས་འདི་ནི་ཟླ་བ་འདིའི་སྤྱི་ཚེས་༤ཉིན་སོ་མ་ལི་སྲིད་གཞུང་གིས་མོས་མཐུན་འཕྲིན་ཡིག་འབྱོར་རྗེས་དབང་ཆ་ནར་འགྱངས་བྱས་པ་ཡིན་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།