འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཙུང་ཐུང་ཨའོ་པ་མས་༼བོད་རང་བཙན་༽ལ་རྒྱབ་སྐྱོར་མི་བྱེད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་13ཉིན། 08:12】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཨ་རིའི་ཙུང་ཐུང་ཨའོ་པ་མས་༼བོད་རང་བཙན་༽ལ་རྒྱབ་སྐྱོར་མི་བྱེད་ཅེས་གསུངས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་གྲོས་མོལ་གནང་སྟེ་ཀྲུང་ཨའི་འབྲེལ་བ་དང་། ཐུན་མོང་ཐོག་དོ་ཁུར་བྱེད་བཞིན་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་དང་ས་གནས་ཀྱི་གནད་དོན་ཁག་ཅིག་ལ་དགོངས་འཆར་བརྗེ་རེས་བྱས་པ་རེད། 
         ཨའོ་པ་མས་གསུངས་དོན། ཨ་རི་དང་ཀྲུང་གོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་35སོང་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་ཕྱིན་ཏེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་བྱས་རྗེས་མི་དམན་པ་བཞག་ཡོད། ཨ་རིའི་ཕྱོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཤས་ཡིན་པ་ཁས་ལེན་དང་། ༼བོད་རང་བཙན་༽དང་༼ཐའེ་ཝན་རང་བཙན་༽ལ་རྒྱབ་སྐྱོར་བྱེད་རྒྱུ་མིན།
    ༄༅།།ཨ་རིའི་ཙུང་ཐུང་ཨའོ་པ་མས་༼བོད་རང་བཙན་༽ལ་རྒྱབ་སྐྱོར་མི་བྱེད་ཅེས་གསུངས་པ།
      

    ཕྱོགས་བསྡུས་གསར་འགྱུར།