འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་
    པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པ་པེ་ཅིན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་12ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་
པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པ་པེ་ཅིན་དུ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པ་པེ་ཅིན་གྲོང་ཁྱེར་གྱི་ཧོའེ་རོའུ་ཁུལ་ཡན་ཞི་མཚེའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཁོངས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་རྣམས་ཀྱིས་“མ་འོངས་པར་ཁ་གཏད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རོགས་ཟླའི་འབྲེལ་བ་མཉམ་དུ་འཛུགས་སྐྱོང་བྱ་དགོས་”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་པོ་གནང་བ་དང་། མཉམ་དུ་ས་ཁོངས་དཔལ་འབྱོར་ཐད་མཉམ་ལས་བྱ་རྒྱུའི་འཆར་གཞི་ཆེན་པོ་གྲོས་མོལ་གནང་སྟེ་ངོས་འཛིན་གཅིག་མཐུན་ཁྱབ་རྒྱ་ཆེན་པོ་བྱུང་བ་རེད། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་གནས་བབ་གསར་པའི་མདུན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་དངོས་ཚན་ཁག་གིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཏུ་འགྱུར་བར་སྐུལ་སྤེལ་བཏང་ནས་འཕེལ་རྒྱས་གསར་གཏོད་དང་། འཕར་སྣོན་མཉམ་འགུལ། ཁེ་ཕན་མཉམ་འདྲེས་བཅས་ཀྱི་སྒོ་འབྱེད་རང་བཞིན་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་འཛུགས་སྐྲུན་དང་། ཐུན་མོང་དུ་ཕན་ཚུན་ཡིད་ཆེས་དང་། ཁོང་ཡངས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རོགས་ཟླའི་འབྲེལ་བ་འཛུགས་སྐྱོང་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་འཛམ་གླིང་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསབ་སྣོན་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
    ༄༅།།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་
པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པ་པེ་ཅིན་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།