འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་
    འཛུགས་ཀྱི་འགོ་ཁྲིད་པ་དང་བཟོ་ཚོང་འདྲི་རྩད་ལས་འཛིན་ལྷན་ཚོགས་ཀྱི་
    འཐུས་མིའི་བར་གྱི་གྲོས་མོལ་ཚོགས་འདུར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་11ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་
འཛུགས་ཀྱི་འགོ་ཁྲིད་པ་དང་བཟོ་ཚོང་འདྲི་རྩད་ལས་འཛིན་ལྷན་ཚོགས་ཀྱི་
འཐུས་མིའི་བར་གྱི་གྲོས་མོལ་ཚོགས་འདུར་ཞུགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་བཟོ་ཚོང་འདྲི་རྩད་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་བར་གྱི་གྲོས་མོལ་ཚོགས་འདུར་ཞུགས་ཤིང་། ཞིས་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད། ཀྲུང་གོ་ནི་ས་ཁོངས་མཉམ་ལས་བྱེད་པའི་ཁེ་ཕན་ཐོབ་མཁན་ཡིན་ལ། ས་ཁོངས་མཉམ་ལས་དར་སྤེལ་དང་སྐུལ་སྤེལ་ཧུར་ཐག་གཏོང་མཁན་དེ་བས་ཀྱང་ཡིན་པས། ང་ཚོས་ས་ཁུལ་དེ་གའི་ཉོ་ཚོང་དང་དངུལ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་སྤེལ་ཧུར་ཐག་བཏང་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་གང་མགྱོ གས་བྱས་ཏེ་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་མདུན་དུ་འཕེལ་རྒྱས་གཏོང་རྒྱུའི་གོ་སྐབས་གལ་ཆེན་པོ་དང་འཕེལ་རྒྱས་རྒྱ་ཆེན་པོ་གཏོང་རྒྱུའི་མདུན་ལམ་ལྷགས་ཡོད་ལ། བརྟན་ལྷིང་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་ཡང་མང་པོ་ལྷགས་ཡོད། ས་ཁུལ་དེ་གའི་དཔལ་འབྱོར་མཉམ་ལས་སྒྲིག་གཞི་གལ་ཆེན་ཞིག་ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་མཉམ་ལས་རྩ་འཛུགས་ཀྱིས་འཛམ་གླིང་དང་ས་ཁུལ་གྱི་གནས་བབ་ཀྱི་ཁྱད་ཆོས་གསར་པ་གསལ་རྟོགས་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁོངས་ཀྱི་མཉམ་ལས་དང་འབྱུང་འགྱུར་འཛམ་གླིང་དཔལ་འབྱོར་གོང་དུ་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དང་འཛམ་གླིང་དཔལ་འབྱོར་གོང་དུ་འཕེལ་བར་ནུས་པ་འདོན་སྤེལ་གང་ཐུབ་བྱ་དགོས་ཞེས་གསུངས་པ་རེད།
    ༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་
འཛུགས་ཀྱི་འགོ་ཁྲིད་པ་དང་བཟོ་ཚོང་འདྲི་རྩད་ལས་འཛིན་ལྷན་ཚོགས་ཀྱི་
འཐུས་མིའི་བར་གྱི་གྲོས་མོལ་ཚོགས་འདུར་ཞུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།