༄༅།།ཞིས་ཅིན་ཕིང་གིས་སྐུ་མགྲོན་རྣམས་ལ་གསོལ་སྟོན་བཤམས་པ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 11ཚེས་11ཉིན། 08:36】 (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)
མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཁོང་གི་སྐུ་ཟླ་ཕིང་ལི་ཡོན་རྣམ་གཉིས་ཀྱིས་པེ་ཅིང་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་སུ་གསོལ་སྟོན་བཤམས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས་པའི་རྒྱལ་ཁབ་སོ་སོའི་འགོ་ཁྲིད་དང་ཁོང་ཚོའི་སྐུ་ཟླ། འཐུས་མི་བཅས་ལ་བསུ་བ་ཞུས་པ་རེད།
【1】
【2】