འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་འགྱུར་དྲ་ཚིགས་ཀྱིས་གསར་འགོད་པའི་ལག་ཁྱེར་ལམ་ལུགས་དངོས་སུ་ཁྱབ་གདལ་གཏོང་རྒྱུ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགྱུར་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད་ཀྲུང་གོ་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཚེས་༢༩ཉིན་<<གསར་འགྱུར་དྲ་ཚིགས་སུ་གསར་འགྱུར་གསར་འགོད་པའི་ལག་ཁྱེར་དཔྱད་སྤྲོད་བྱེད་པའི་སྐོར་གྱི་བརྡ་ཐོ་>>མཉམ་འབྲེལ་ཐོག་འགྲེམས་སྤེལ་བྱས་ཤིང་།བརྡ་ཐོའི་ནང་རྒྱལ་ཡོངས་གསར་འགྱུར་དྲ་ཚིགས་སུ་གསར་འགྱུར་གསར་འགོད་པའི་ལག་ཁྱེར་ལམ་ལུགས་དངོས་སུ་ཁྱབ་གདལ་གཏོང་དགོས། རྒྱལ་ཡོངས་ཁྱབ་ཁོངས་ནང་གི་གསར་འགྱུར་དྲ་ཚིགས་ཀྱི་བཅར་འདྲི་དང་རྩོམ་སྒྲིག་པ་རྣམས་དུས་དེ་ནས་བཟུང་གཅིག་གྱུར་དོ་དམ་བྱེད་ཁོངས་སུ་དངོས་སུ་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིཊ་ན། རྒྱལ་ཡོངས་གསར་འགྱུར་དྲ་ཚིགས་སུ་གསར་འགྱུར་གསར་འགོད་པའི་ལག་ཁྱེར་ལམ་ལུགས་དངོས་སུ་ཁྱབ་གདལ་བཏང་ནས་<<དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབས་>>དང་<<དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས>> <<གསར་འགྱུར་གསར་འགོད་པའི་ལག་ཁྱེར་དོ་དམ་བྱེད་ཐབས>> <<རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་དྲ་སྦྲེལ་ཆ་འཕྲིན་ནང་དོན་གྱི་དོ་དམ་ལས་དོན་ལ་འགན་འཁུར་དབང་ཆ་བསྩལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ་>>སོགས་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་ལག་བསྟར་བྱ་རྒྱུ་རེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཅང་ཅུན་གྱིས་ད་ཐེངས་གསར་འགྱུར་དྲ་ཚིགས་ཀྱི་གསར་འགོད་པའི་ལག་ཁྱེར་སྤྲོད་རྒྱུ་དེ“ལག་བསྟར་ཞིབ་ཚགས་བྱེད་པ་དང་། དུས་ཁག་དབྱེ་བ། གཟབ་ཅིང་ནན་ལ་གོ་རིམ་དང་ལྡན་པ། དོ་དམ་ཚོད་འཛིན་ཐུབ་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཁག་དང་པོའི་ལག་བསྟར་བྱེད་ཁོངས་ནི་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་ཆོག་མཆན་ཐོབ་པ་དང་འབྲེལ་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་གྱི་རིགས་དང་པོའི་འོས་བབ་ཐོབ་ཐང་ཐོབ་པ་མ་ཟད། ཆ་རྐྱེན་དང་མཐུན་པའི་གསར་འགྱུར་དྲ་ཚིགས་ཡིན། རེ་ཞུ་བྱེད་མཁན་ནི་གསར་འགྱུར་དྲ་ཚིགས་ཀྱི་སྒྲིག་ཁོངས་སུ་ཡོད་པའམ་ཡང་ན་དངོས་སུ་གདན་ཞུ་བྱས་པའི་གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག་པའི་ལས་དོན་སྒྲུབ་མཁན་ཡིན་དགོས་པ་མ་ཟད།ལོ་གཅིག་ཡན་གྱི་གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག་པའི་ལས་ཀའི་ཉམས་མྱོང་ལྡན་མཁན་ཡིན་དགོས།
         རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་གསར་འགྱུར་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པའི་གསོ་སྦྱོང་དང་འོས་བབ་ཐོབ་ཐང་ལ་ཞིབ་བཤེར་གཏན་འཁེལ་གྱི་འགག་སྒོ་སྲུང་བའི་འགན་འཁུར་བ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གསར་འགོད་པའི་ལག་ཁྱེར་དཔྱད་སྤྲོད་བྱེད་པའི་འགན་འཁུར་གྱི་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།