འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ས་ཐམ་གྲོང་ཁྱེར་ནས་སེམས་ཀྱི་ཉི་ཟླ་རྫོང་བར་གྱི་ལྕགས་ལམ་བསྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་04ཉིན། 08:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཁུན་མིང་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི《དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད》ཁྲོད་ཡུན་ནན་ཞིང་ཆེན་དང་བོད་རང་ལྗོངས་ཀྱི་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཏེ་ས་ཐམ་(丽江)དང་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དེ་ཉེ་ཆར་དངོས་སུ་བསྐྲུན་འགོ་ཚུགས་པ་རེད།
         ས་ཐམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དེ་ལྷོ་ཕྱོགས་ཏ་ལི་ལྕགས་ལམ་ས་ཐམ་བབས་ཚུགས་ནས་འགོ་བཙུགས་ཏེ་བྱང་ཕྱོགས་སུ་འབྲི་ཆུ་བརྒལ་བ། རྒྱལ་ཐང་དང་རྒྱལ་ཐང་ཆུང་བ་ནས་སེམས་ཀྱི་ཉི་ཟླ་བརྒྱུད་པ་བཅས་སྤྱིའི་རིང་ཚད་སྤྱི་ལེ་༡༣༩ཟིན་པ་དང་། འཛུགས་སྐྲུན་ཚད་གཞི་ནི་I རིམ་པའི་ལམ་རྐྱང་གི་ལྕགས་ལམ་ཡིན་པ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་༡༢༠ཇུས་འགོད་བྱས་པ། ཇུས་འགོད་རགས་རྩིས་སྤྱི་འབོར་སྒོར་དུང་ཕྱུར་༡༠༣.༡༩ཟིན་པ། བསྐྲུན་ཡུལ་ལོ་༦ཡིན་པ་བཅས་རེད། ལམ་ཧྲིལ་པོར་ས་ཐམ་དང་། ལ་ཧྲི་ཧའེ། སེམས་ཀྱི་ཉི་ཟླ་སོགས་བབས་ཚུགས་༡༣བཟོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།