འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཏང་ཡོན་ལས་བྱེད་པས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་
    ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པས་གངས་ལྗོངས་ས་མཐོའི་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།རང་ལྗོངས་ཀྱི་ས་ཁུལ་ཁག་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནན་ཏན་ངང་ལྟ་ཉན་བྱས་པ་དང་རྣམ་པ་སྣ་ཚོགས་ཐོག་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་ཚང་མས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་མ་གཏོང་བའི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་རང་འཁྲིའི་ལས་ཀར་གཞིས་ཚུགས་པ་དང་།གསར་འབྱེད་ཡར་བརྩོན་བྱེད་པ།ལས་དོན་ཏན་ཏིག་སྒྲུབ་པའི་སྒོ་ནས་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ལུགས་གཅིག་མཇུག་གཉིས་མཐུད་ངང་བསྟན་པ་རེད།
        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཝང་ཏེ་ཝུན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཆེད་མངགས་ཁྲིམས་སྐྱོང་རྒྱལ་ཁབ་ལ་ཞིབ་འཇུག་བྱས་པ་དེ་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་དང་།ཝང་ཏེ་ཝུན་གྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པར་རང་འགན་གཙང་སྒྲུབ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན།སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་ཡོང་ཆེད་ཡིན་པ་དང་དེ་དག་ཚང་མ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་ལས་འགན་སྒྲུབ་པ་དང་རང་འཁྲིའི་ལས་ཀ་སྒྲུབ་པའི་ཐོག་ནས་མངོན་གྱི་ཡོད་པས་བོད་ཀྱི་དོན་དངོས་དང་རང་འཁྲིའི་ལས་ཀ་ནས་འགོ་བཙུགས་ཏེ་ཚན་རིག་དང་མཐུན་པའི་ངང་ཁྲིམས་བཟོ་བ་དང་ཁྲིམས་བཞིན་ལྟ་སྐུལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཁར་ཁྲིམས་བཟོའི་སྤུས་ཚད་མཐོར་གཏོང་དང་བཅའ་ཁྲིམས་ལག་བསྟར་ལ་སྐུལ་མ་གཏོང་རྒྱུའི་གཞི་རྩའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རྣམ་དཔྱོད་ལྡན་པའི་གཏམ་སྨྲ་བ་དང་།དངོས་སྒྲུབ་ལྡན་པའི་ཐབས་འདོན་པ།བྱ་བ་ཞིབ་ཚགས་བསྒྲུབ་པ།སྤུས་ཚད་ལེགས་པའི་བཅའ་ཁྲིམས་བཟོ་བ་དང་ཕན་འབྲས་ཐོན་པའི་ལྟ་སྐུལ་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དམངས་གཙོ་ཁྲིམས་ལུགས་ཁྱབ་ཁོངས་ལས་དོན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ངོས་འཛིན་གནང་བ་རེད།
        ལྗོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་སུན་ཀྲུང་ཕིང་གིས་གསར་འགོད་པར“ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་རྒྱུའི་འཆར་གཞི་ཁྱོན་ཡོངས་ནས་བཏིང་བ་མ་ཟད།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུའི་སྤྱིའི་དམིགས་ཚད་དང་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་སྤྱིའི་ལས་འགན་བཏོན་ཡོད།དེ་དང་ཆབས་ཅིག་ཁྲིམས་སྐྱོང་རྒྱལ་ཁབ་དང་།ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཕྱོགས་གསུམ་གཞི་གཅིག་ཏུ་བསྐྲུན་རྒྱུ་དང་།ཁྲིམས་འཛིན་གཞུང་དྲང་དང་ལེགས་སྐྱོང་སོགས་ལྟ་བ་གསར་པ་དང་བྱ་ཐབས་གསར་པ་རབ་དང་རིམ་པ་བཏོན་ཡོད”ཅེས་གསུངས་པ་རེད།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་མ་ཉམས་པ་བྱ་རྒྱུ་ནི་ལག་ལེན་ལ་ཐུག་པས་རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་དང་ཁྲིམས་སྐྱོང་གི་འགྲོ་ལམ་འོག་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་འགན་ནུས་ཚན་རིག་དང་མཐུན་པ་དང་།དབང་འགན་ཁྲིམས་བཞིན་གཏན་འཁེལ།ཁྲིམས་འཛིན་དྲང་བཙན།ཡོངས་བསྒྲགས་གཞུང་དྲང་།སྤྱོད་གཙང་ནུས་ཆེ།ཁྲིམས་སྲུང་ཡིད་རྟོན་བཅས་ལྡན་པའི་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་སྐྲུན་དགོས་ཞེས་བཏོན་ཡོད།
        ཉིང་ཁྲི་ས་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྲེ་ཅུན་གྱིས“ད་ལྟ་མཇུག་འགྲིལ་མ་ཐག་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི‘ཁྲིམས་སྐྱོང་གི་ལམ་ཚད་རྡོ་རིང’དང‘སྲིད་འཛིན་གྱི་གསར་བརྗེ’‘འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པ’བཅས་ཡིན་ཞེས་བརྗོད་ཆོགདེ་ནས་བཟུང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་རྒྱུ་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུ་ཡིན་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་ཡོང་བ་བྱེད་པ་དེས་སྲིད་འཛིན་བྱེད་སྟངས་ལ་འགྱུར་ལྡོག་གསར་པ་ཡོང་རྒྱུ་མ་ཟད་སྲིད་འཛིན་གྱི་ཆུ་ཚད་མཐོ་རུའང་འགྲོ་རྒྱུ་དང་ཁྲིམས་སྐྱོང་གིས་སྒྲོམ་གཞི་དེ་བས་བརྟན་པོ་ཞིག་དང་དེ་བས་ཚད་ལྡན་གྱི་ལམ་བུ་ཞིག་གཏོད་དེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་ནང་མགྱོགས་ལ་བརྟན་པོའི་ངང་མདུན་སྐྱོད་བྱ་རྒྱུ་རེད”ཅེས་བཤད་པ་དང་ཀྲའོ་ཧྲེ་ཅུན་གྱིས་ཉིང་ཁྲི་ས་ཁུལ་གྱིས་རྣམ་པ་སྣ་ཚོགས་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་།ལག་བསྟར།དོན་འཁྱོལ་བཅས་ཡག་པོ་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཁྲིམས་ལྟར་རྒྱལ་སྐྱོང་ཡོང་བར་ཁྱོན་ཡོངས་ནས་སྐུལ་མ་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་རྒྱུ་མ་ཟད་གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་ནས་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ལུགས་བསྟན་པ་རེད།
        སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཅའ་ཁྲིམས་ཀྱི་དབང་གྲགས་ནི་མི་དམངས་ཀྱིས་སེམས་གཏིང་ནས་བརྩི་བཀུར་དང་ཟོལ་མེད་དད་སེམས་བཅངས་པ་ལས་བྱུང་བ་ཞིག་ཡིན།མི་དམངས་ཀྱི་ཁེ་དབང་ནི་བཅའ་ཁྲིམས་ལ་བརྟེན་ནས་འགན་ལེན་བྱེད་དགོས་པ་དང་བཅའ་ཁྲིམས་ཀྱི་དབང་གྲགས་ནི་མི་དམངས་ལ་བརྟེན་ནས་སྲུང་དགོས་པ་ཡིན་ཞེས་བཏོན་ཡོད།ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་གྱི་གྲོང་མི་བུ་ཆུང་གིས“སྤྱི་དམངས་ཤིག་གི་ངོས་ནས་མི་ཚང་མས་ཁྲིམས་སྲུང་དགོས་པ་དང་ཁྲིམས་སྐྱོང་གི་སྤྱི་ཚོགས་ཤིག་ཡོང་བར་སྤྱི་དམངས་ཚང་མའི་འབད་བརྩོན་ལ་བརྟེན་དགོས”ཞེས་བཤད་པ་རེད།
        “ད་ཆ་རང་རེའི་གཞི་རིམ་གྲོང་གསེབ་དང་ལྷག་པར་དུ་ཐག་རིང་དང་རྗེས་ལུས་ཡིན་པའི་གྲོང་གསེབ་དུ་ཞིང་པའི་བཅའ་ཁྲིམས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བཞིན་ཞན་པས་ཁྲིམས་ལྟར་སྲིད་འཛིན་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད”ཅེས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་ནག་པོ་གཞིས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པས་ཁ་པར་ཐོག་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ད་ཆ་གལ་ཆེ་ཤོས་ནི་གཞི་རིམ་མང་ཚོགས་ལ་ཁྲིམས་སྐྱོང་སློབ་གསོ་བརྒྱབ་ནས་ཁོང་ཚོ་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བའི་སྤྱི་དམངས་ཤིག་ཆགས་པ་བྱ་རྒྱུ་དེ་རེད།ཤང་དང་གྲོང་རྡལ་གྱི་གཞི་རིམ་ལས་བྱེད་པའི་ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེའང་ཁ་ཚ་དགོས་གཏུགས་སུ་གྱུར་པས་གོ་རིམ་ལྡན་པའི་གསོ་སྦྱོང་དང་ཆེད་ལས་ཀྱི་ཟུར་ཁྲིད་བྱས་ཏེ་ཁོང་ཚོ་ཁྲིམས་སྐྱོང་སྲིད་གཞུང་གི་སྟོབས་གསར་དམག་ཅིག་ཏུ་འགྱུར་བ་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།