མི་དམངས་དྲ་བ།

༄༅།།ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་གནད་
ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  གྲོལ་མ་ཐག་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་བཏོན་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན།སྤྱིའི་དམིགས་ཚད་དེ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་འགོ་ནས་མཇུག་བར་ཁྱབ་པའི་གཙོ་རྐང་ཞིག་རེད།དེས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ངོ་བོ་དང་ཁ་ཕྱོགས་གསལ་བཏོན་བྱས་ཡོད་ལ་ལས་ཀའི་གཙོ་གནད་དང་སྤྱིའི་དམ་འཛིན་བྱ་གཞི་ཡང་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད་པ་དེ་ང་ཚོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་རྐང་བཟུང་ན་ཡན་ལག་ཐོན་པའི་དོན་སྙིང་ལྡན་ཡོད་ཅིང་།ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་གཞི་རྩའི་སྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།དམིགས་ཚད་དེ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཚེ་གཞི་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་།ལག་བསྟར་ཡག་པོ།དོན་འཁྱོལ་ཡག་པོ་བཅས་བྱེད་ཐུབ།
    སྤྱིའི་དམིགས་ཚད་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་པར་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་དང་ཉམས་མྱོང་གི་གཅིག་སྡུད་མཚོན་ཚུལ་ཞིག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་གི་ཡང་དག་པའི་ལམ་བུ་འབའ་ཞིག་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་ཡོད།ད་ཆ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་ཚང་མ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་མཐའ་འཁྱོངས་དང་རྒྱ་ཆེར་བཏང་བ་ཞིག་རེད།རྩ་བའི་རང་བཞིན་གྱི་གནད་དོན་དེའི་ཐད་ང་ཚོས་ངེས་པར་དུ་གདེང་ཚོད་ཡོད་པ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།
    སྤྱིའི་དམིགས་ཚད་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་པར་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམ་འཛིན་བྱེད་གཞི་ཁ་གསལ་ཡོང་བ་བྱེད་དགོས།ཁྱོན་ཡོངས་དང་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཁག་ཚང་མ་སྤྱིའི་དམིགས་ཚད་དེར་གཞིགས་ནས་བཀོད་སྒྲིག་དང་སྤེལ་དགོས་པ་དང་ཕྱོགས་ཧ་ཅང་མང་པོ་དང་འབྲེལ་བ་ཡོད།དོན་དངོས་ལས་དོན་ནང་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་ལ་སྣེ་ཁྲིད་བྱེད་པའི་སྤྱིའི་དམ་འཛིན་བྱེད་གཞི་ཞིག་དགོས།དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཡིན།ཁྲིམས་སྐྱོང་མ་ལག་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་རྐང་འཛིན་འདུ་འགོད་ཅིག་ཡིན་ལ།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་རྨང་གཞིའི་འདུ་འགོད་ཅིག་ཀྱང་ཡིན།འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཚད་ལྡན་གྱི་མ་ལག་དང་།ཕན་འབྲས་ཆེ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལགཤིན་ཏུ་ནན་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལགནུས་ལྡན་གྱི་ཁྲིམས་སྐྱོང་འགན་ལེན་མ་ལག་བཅས་མགྱོགས་མྱུར་ཆགས་པ་དང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་པ་བྱས་ཚེ།གཞི་ནས་ཁྲིམས་སྐྱོང་འཛུགས་སྐྱོང་བྱ་ཆེད་སྒུལ་ཤུགས་མཁོ་འདོན་ཐུབ་པ་དང་གསོན་ཤུགས་འཕེལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་ཐུབ།
    སྤྱིའི་དམིགས་ཚད་ཁོང་དུ་ཆུད་པ་བྱེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས།ད་ཆ་ང་ཚོ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་སྒྲོལ་དུས་སྐབས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད།ཁྲིམས་སྐྱོང་གི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་ཚེ།གཞི་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ནང་རྒྱལ་ཁ་གསར་པ་ཐོབ་ནས་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་ཐུབ།
    བཅོས་སྐྱོང་བྱེད་པར་སྒྲིག་སྲོལ་ཡོད་པ་དང་བཅོས་སྐྱོང་བྱེད་པར་གོ་རིམ་ལྡན་དགོས།ཚང་འཛོམས་གྲོས་ཚོགས་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་གི་སྤྱིའི་དམིགས་ཚད་ལ་རྒྱས་བཤད་བྱས་པ་དེའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་སོགས་རྩ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཚུད་ཡོད་ལ།ཁྲིམས་སྐྱོང་མ་ལག་ཆེན་པོ་ལྔ་ཆགས་པའི་གཙོ་གནད་ལས་འགན་དང་།“ཐུན་མོང་ཐོག་སྐུལ་འདེད་གཏོང་བ་གསུམ་དང་གཞི་གཅིག་གསུམ་འཛུགས་སྐྱོང”གི་གཞི་རྩའི་རྩ་དོན།“ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་།ཁྲིམས་ལག་བསྟར་ནན་པོ་བྱེད་པ།ཁྲིམས་འཛིན་དྲང་གཞག་བྱེད་པ།དམངས་ཡོངས་ཀྱིས་ཁྲིམས་སྲུང་བའི”གཞི་རྩའི་བླང་བྱ་བཅས་ཚུད་པ་ལྟར་རེད།ང་ཚོས་སྤྱིའི་དམིགས་ཚད་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ནས་ཏང་གི་རྒྱལ་ཁབ་དང་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཐོག་ནས་སྤྱིའི་དམིགས་ཚད་ཁོང་དུ་ཆུད་པ་དང་དོན་འཁྱོལ་བྱས་ཚེ་གཞི་ནས་འཆར་འགོད་བྱེད་པར་རང་གི་ལྟ་ཚུལ་ཡོད་པ་དང་ལས་དོན་སྒྲུབ་པར་སྒྲིག་ལམ་ཡོད་པར་འགྱུར་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ།
    འཆར་གཞི་ཆེན་པོ་བཀོད་ཟིན་པ་དང་།དམིགས་ཚད་ཀྱི་དུང་བརྡ་བསྒྲགས་ལ།མི་དམངས་ཀྱིས་རེ་སྒུག་བྱེད་བཞིན་ཡོད།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད།བསམ་བློ་དང་བྱ་སྤྱོད་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་གི་འགོ་ཁྲིད་འོག་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་སྐྱོང་ལག་ལེན་ནན་ཏན་བྱས་ཚེ་ང་ཚོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་མངོན་འགྱུར་དང་ཁྲིམས་སྐྱོང་ཀྲུང་གོའི་ཡུལ་ཁམས་གསར་པ་གཏོད་ཐུབ་ངེས་རེད།