འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་མཉམ་འབྲེལ་ཚོགས་འདུ་
    སྐབས་ལྔ་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་26ཉིན་གྱི་སྔ་དྲོ་ཀྲུང་གོའི་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་མཉམ་འབྲེལ་ཚོགས་འདུ་སྐབས་ལྔ་པ་ལྷ་སར་འཚོགས་ཤིང་། ཀྲུང་གོའི་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་བོད་ལྗོངས་དང་། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། མཚོ་སྔོན། ཀོང་ཤིས་བཅས་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)7གྱི་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་དུ་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་ཤིན་ཅང་དང་ཀན་སུའུ་ཡིས་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་རེད།
         བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་ཚོགས་འདུར་ཕེབས་ནས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། སྤྱི་བདེ་པུའི་བདེ་འཇགས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡན་ཀྲེང་པིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་། ཞིང་ཆེན་སྤྱི་བདེ་ཐིང་གི་ཏང་ཨུད་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ལིའུ་ཀྲེ་ཆང་དང་། ཀན་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་ལས་རོགས་དང་། ཞིང་ཆེན་སྤྱི་བདེ་ཐིང་གི་ཏང་ཨུད་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་མཱ་ཧྲེ་ཀྲུང་། ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)སྤྱི་བདེ་ཐིང(ཅུས)ཀྱི་འགན་འཁུར་བས་ཁག་སོ་སོར་གཏམ་བཤད་སྤེལ་བ་རེད།
        བོད་ལྗོངས་སྤྱི་བདེ་མཐའ་སྲུང་རུ་ཆེན་གྱི་སྤྱི་ཁྱབ་རུ་དཔོན་ཀའོ་དབན་ཧའེ་དང་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ལིའུ་ཧན་ལིང་ཚོགས་འདུར་ཕེབས་ཡོད་པ་རེད།
         ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ཏེ་ཀྲུང་གོའི་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་མཉམ་འབྲེལ་ཚོགས་འདུ་སྐབས་ལྔ་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་མ་ཟད། དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་བདེ་པུའུ་དང་དེ་བཞིན་སྤུན་ཟླའི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)གྱི་སྤྱི་བདེ་ལས་ཁུངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
         ཏེང་ཞའོ་ཀང་གིས་སྤྱི་བདེའི་པུའི་བླང་བྱ་ལྟར་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་ལོ་བཞི་སོང་བའི་ནང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་། ཆེད་དོན་བྱ་སྤྱོད་སྤེལ་བ། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན། ཐོན་ཁུངས་མཉམ་སྤྱོད། དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)ཁག་གི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་དང་སྤྱི་ཚོགས་རྒྱུན་སྲིང་བརྟན་ལྷིང་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། ཀྲུང་གོའི་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་མཉམ་འབྲེལ་ཚོགས་འདུ་སྐབས་ལྔ་པ་འཚོགས་པ་དེས་རང་ལྗོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྒྲིག་བྱེད་ནུས་མཐོར་གཏོང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག སྤྱི་བདེའི་ལས་དོན་གྱི་ཆུ་ཚད་མཐོར་གཏོང་བཅས་བྱེད་ཆེད་གོ་སྐབས་གསར་པ་ཞིག་སྦྱིན་པ་དང་ཆ་རྐྱེན་གསར་པ་ཞིག་གཏོད་པ་མ་ཟད་སྟེགས་བུ་གསར་པ་ཞིག་ཀྱང་བསྐྲུན་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཏེང་ཞའོ་ཀང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)ཁག་གི་སྤྱི་བདེའི་ལས་ཁུངས་ཀྱི་སྔོན་ཐོན་འདུ་ཤེས་དང་ཉམས་མྱོང་བཟང་པོ་སློབ་སྦྱོང་ནན་ཏན་བྱས་ཏེ་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་དང་སྤེལ་རེས་ཀྱི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་མ་ཟད། ལྷོ་ནུབ་ཀྱི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)ཁག་གིས་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། མཉམ་ལས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་སྒོ་ནས་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་མཉམ་ལས་དེ་མུ་མཐུད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྔར་བས་སྐུལ་མ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།
         ཡན་ཀྲེང་པིང་གིས་གསུང་བཤད་གནང་སྐབས་ལྷོ་ནུབ་ཆེན་པོའི་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་ཁོངས་མིའི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)ཁག་གིས་ཉེན་རྟོག་ལས་དོན་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ཐོག་གོམ་སྟབས་གསར་པ་རྒྱུན་ཆད་མེད་པར་སྤོས་ནས་ཁོངས་གཏོགས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་མཉམ་ཤུགས་ཆེན་པོ་ཆགས་པའི་ཐད་ཚད་བརྒལ་གསར་པ་དང་རྒྱུན་གཏན་གྱི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་ལམ་སྲོལ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་འཕེལ་རིམ་གསར་པ་རྒྱུན་ཆད་མེད་པར་ཡོང་བ་བྱེད་དགོས། ད་ཐེངས་ཀྱི་ཚོགས་འདུ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ་འཚོལ་ཞིབ་ཧུར་ཐག་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་ཁྱོན་ཡོངས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལྷོ་ནུབ་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་མཉམ་ལས་ལམ་སྲོལ་དེ་ཉིད་རྒྱལ་ཡོངས་ཀྱི་མིག་དཔེ་ལྟ་སར་ཧུར་ཐག་འགྱུར་བ་བྱས་ཏེ་ཁོངས་གཏོགས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཚོགས་འདུའི་ཐོག་ཀྲུང་གོའི་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་མཉམ་འབྲེལ་ཚོགས་འདུ་སྐབས་བཞི་པ་འཚོགས་ཚུན་གྱི་ལོ་གཅིག་རིང་གི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་མ་ཟད་། སླད་ཕྱིན་ལོ་གཅིག་གི་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་ལས་ཀའི་གཙོ་གནད་བཀོད་སྒྲིག་བྱས་པ་དང་། ཀྲུང་གོའི་ལྷོ་ནུབ་ཆེན་པོའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་མཉམ་འབྲེལ་ཁོངས་མིའི་ཚན་པ་དང་ཤིན་ཅང་རང་སྐྱོང་ལྗོངས་དང་ཀན་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གིས《ཉེན་རྟོག་ལས་དོན་གྱི་མཉམ་ལས་ལམ་སྲོལ》ལ་མིང་རྟགས་བཀོད་པ་དང་སྐབས་བཞི་པའི་རེས་འཁོར་ཀྲུའུ་ཞི་ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གིས་སྐབས་ལྔ་པའི་རེས་འཁོར་ཀྲུའུ་ཞི་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལ་ཚོགས་རྟགས་དང་ཐམ་ག་རྩིས་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།