འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཡང་བསྐྱར་ལེགས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན་ཡང་བསྐྱར་ལེགས་སྒྲིག་བྱས་པའི་བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱས་པ་མཚོན་ཡོད།
         གསར་འགོད་པས“བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས”ཀྱི་སྒོ་བྱང་གསར་པ་དེ་རྒྱལ་སྒོའི་ཐོག་བཀལ་ཡོད་པ་དང་ཆབས་ཅིག “བོད་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང”གི་སྒོ་བྱང་ཡང་བཀལ་ཡོད་པ་དོ་སྣང་བྱུང་། རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དེ་དེ་སྔོན་གྱི་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་རིམ་པ་གཞོན་པའི་ལས་ཁུངས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཐད་གཏོགས་ཀྱི་ཐིང་རིམ་པ་རྒན་པར་ལེགས་སྒྲིག་བྱས་པ་དང་། བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་བཅས་ལྷུ་ཚིགས་ཀྱི་བཟའ་བཅའི་བདེ་འཇགས་དང་སྨན་རྫས་བདེ་འཇགས་ལ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།