འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མངོན་མིན་ཤུལ་བཞག་རིག་གནས་འགྲེམ་ཚོགས་སུ་མཚོ་སྔོན་གྱི་རྒྱུན་འཛིན་པ་
    བཞིར་ཕུལ་བྱུང་བྱ་དགའ་ཐོབ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་ནས་ཤེས་གསལ་ལྟར་ན། ཟླ་༡༠པའི་སྟོད་དུ་རིག་གནས་པུའུ་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྐབས་གསུམ་པའི་ཀྲུང་གོའི་མངོན་མིན་ཤུལ་བཞག་རིག་གནས་འགྲེམ་ཚོགས་ཅི་ནན་གྲོང་ཁྱེར་དུ་འཚོགས། མཚོ་སྔོན་ཞིང་ཆེན་རེབ་གོང་གི་ཐང་ག་དང་གོས་གྲུབ། ཟངས་བརྐོས། འགྱིམ་བཟོ།  ཐུན་རིན་གྱི་ཤིང་བརྐོས་པར་རྒྱག་ལག་རྩལ། སྐུ་འབུམ་གྱི་དངུལ་ཟངས་དང་གསེར་བཟོའི་ལག་རྩལ། ཧི་ཧྭང་གི་ཚེམ་དྲུབ་བཅས་མངོན་མིན་ཤུལ་བཞག་རིག་གནས་གི་རྣམ་གྲངས་༧འགྲེམ་ཚོགས་སུ་ཞུགས་ཤིང་། རྒྱུན་འཛིན་པ་བཞི་ལ་ཕུལ་བྱུང་བྱ་དགའ་ཐོབ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་མངོན་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱ་དགའ་གཉིས་ཐོབ་པ་རེད།
         ཐེངས་འདིའི་འགྲེམ་ཚོགས་ཀྱི་བརྗོད་དོན་ནི་མངོན་མིན་ཤུལ་བཞག་རིག་གནས་ནི་ང་ཚོའི་འཚོ་ཕྱོགས་ཡིན་ཞེས་པ་དེ་ཡིན་པ་དང་། རྒྱལ་ཡོངས་ས་ཆ་སོ་སོའི་རྣམ་གྲངས་༧༠༠དང་། རྒྱུན་འཛིན་པ་༥༦༠ཡིས་འགྲེམ་སྟོན་བྱས་ཤིང་།  འགྲེམ་ཁུལ་དུ་རེབ་གོང་རིག་གནས་དང་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་མངོན་སུམ་ལྡན་ཡོད། སྤུས་ལེགས་པའི་འགྲེམ་དངོས་དག་དང་རྒྱུན་འཛིན་པ་དག་གིས་ལག་རྩལ་འཁྲབ་སྟོན་བྱས་པས་བཟོ་ལས་ལག་རྩལ་དང་སྒྱུ་རྩལ་རིན་ཐང་གིས་ལྟད་མོ་བས་ཡིད་སེམས་དབང་མེད་བཀུག  མཚོ་སྔོན་འགྲེམ་ཁུལ་དུ་མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། ཐུན་མིན་གྱི་ལག་རྩལ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཉིང་བཅུད། སྒྱུ་རྩལ་རིན་ཐང་བཅས་ཀྱིས་ཀུན་གྱི་ཡིད་དབང་བཀུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།