འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།༢༠༡༤ལོའི་དྲ་ཚིགས་སྨྱན་སྦྱོར་གྱིས“མཚོ་བོད་དང་ཁྲོན་བོད་གཞུང་ལམ་གཉིས་སུ་བསྐྱོད”པའི་
    གསར་འགོད་པ་བཅའ་འདྲི་ཚོགས་པ་ལྷ་ས་གྲོང་ཁྱེར་དུ་མཉམ་འཛོམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།༢༠༡༤ལོའི་དྲ་ཚིགས་སྨྱན་སྦྱོར་གྱིས“མཚོ་བོད་དང་ཁྲོན་བོད་གཞུང་ལམ་གཉིས་སུ་བསྐྱོད”པའི་
གསར་འགོད་པ་བཅའ་འདྲི་ཚོགས་པ་ལྷ་ས་གྲོང་ཁྱེར་དུ་མཉམ་འཛོམས་བྱས་པ།
         མི་དམངས་དྲ་བའི་འཕྲིན། མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་དུ་བསྐྱོད་པའི་༢༠༡༤ལོའི་དྲ་ཚིགས་སྨྱན་སྦྱོར་གྱི་གསར་འགོད་པ་བཅའ་འདྲི་ཚོགས་པས་དུས་ཡུན་ཉིན་༡༥རིང་གི་བཅའ་འདྲི་གནས་འཕྲིན་སྤེལ་བའི་ལས་འགན་བསྒྲུབས་རྗེས་ཟླ་༡༠ཚེས་༢༤ཉིན་ལྷ་ས་གྲོང་ཁྱེར་གྱི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ཀྱི་རྗེས་དྲན་རྡོ་རིང་མདུན་ནས་མཉམ་དུ་འཛོམས་པའི་མཛད་སྒོ་སྤེལ་བ་རེད།
         འདི་ལོ་ནི་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་གཉིས་བཟོས་ནས་རླངས་འཁོར་ཤར་གཏོང་བྱས་ནས་ལོ་ངོ་༦༠འཁོར་བའི་ལོ་ཡིན། ཟླ་༡༠ཚེས་༡༠ཉིན་དང་ཚེས་༡༢ཉིན་ལ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཆ་འཕྲིན་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་ཏེ་སྤེལ་བའི་་་་༢༠༡༤ལོའི་དྲ་ཚིགས་སྨྱན་སྦྱོར་གྱིས་་་གཞུང་ལམ་གཉིས་སུ་བསྐྱོད་་་་དེ་བཅའ་འདྲི་གནས་འཕྲིན་སྤེལ་བའི་བྱེད་སྒོ་དེ་ཁྲེང་ཏུའུ་དང་ཟི་ལིང་གྲོང་ཁྱེར་གཉིས་སུ་སྤེལ་འགོ་ཚུགས། རྒྱལ་ཁབ་གྱི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་ཚོང་ལས་དྲ་ཚིགས་གྲགས་ཅན་སོགས་སྨྱན་སྦྱོར་ལས་ཁུངས་༡༢ནས་ཕེབས་པའི་གསར་འགོད་པ་༢༡གིས་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་སྟེ་བོད་བསྐྱོད་གཞུང་ལམ་གྱི་ལོ་ངོ་༦༠རིང་གི་འཕེལ་རྒྱས་འགྱུར་ལྡོག་བྱུང་ཚུལ་བཅའ་འདྲི་གནས་འཕྲིན་སྤེལ་བ་རེད།
         ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཆ་འཕྲིན་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་། ལྷ་ས་གྲོང་ཁྱེར་ཏང་ཨུའི་འབྲེལ་ཡོད་འགོ་ཁྲིད་དང་བློ་མཐུན་༣༠ལྷག་ཙམ་མཉམ་འཛོམས་མཛད་སྒོར་ཞུགས་པ་རེད།
    ༄༅།།༢༠༡༤ལོའི་དྲ་ཚིགས་སྨྱན་སྦྱོར་གྱིས“མཚོ་བོད་དང་ཁྲོན་བོད་གཞུང་ལམ་གཉིས་སུ་བསྐྱོད”པའི་
གསར་འགོད་པ་བཅའ་འདྲི་ཚོགས་པ་ལྷ་ས་གྲོང་ཁྱེར་དུ་མཉམ་འཛོམས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།