འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོ་གཉིས་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་ཐོར་ཚུད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། 耴繴︽興﹀)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་སྲོལ་རྒྱུན་གྲོང་ཚོ་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོ་དང་སྐྱིད་གྲོང་རྫོང་སྤང་གཞོང་གྲོང་ཚོ་གཉིས་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་ཐོར་ཚུད་དེ་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།
         བོད་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྲུའི་ཁྲུའུ་ཀྲང་ལི་ཤིན་ཁྲང་གིས་མཚོ་མགོ་གྲོང་ཚོ་དང་སྤང་གཞོང་གྲོང་ཚོར་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཐོབ་རྗེས་གྲོང་ཚོ་དེ་གཉིས་པོའི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོང་རྒྱུ་རེད། སླད་ཕྱིན་སྲུང་སྐྱོང་དང་འཕེལ་རྒྱས་འཆར་འགོད་དང་སྲུང་སྐྱོང་དོ་དམ་ལམ་སྲོལ་བཟོས་ཏེ་གྲོང་ཚོ་དེ་གཉིས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་མགོ་གྲོང་ཚོ་དེ་བྲག་གསུམ་མཚོ་འགྲམ་དུ་གནས་པ་དེ་ནི་ཉིང་ཁྲི་ས་ཁུལ་གྱི་སྲོལ་རྒྱུན་གོམས་འདྲིས་འཐུས་སྒོ་ཚང་ཤོས་ཡིན་པའི་གནའ་བོའི་གྲོང་ཚོའི་གྲས་ཤིག་ཡིན་པ་དེར་ཀོང་པོའི་སྲོལ་རྒྱུན་གྱི་ཉམས་འགྱུར་ཆེན་པོ་ལྡན་པ་དང་། སྤང་གཞོང་གྲོང་ཚོ་དེ་མཐའ་མཚམས་གྲོང་རྡལ་ཆུང་གྲས་སྐྱིད་གྲོང་གི་ཉེ་འགྲམ་དུ་གནས་པ་དེའི་ཁང་པ་ཕལ་ཆེ་བ་རྡོ་ཤིང་ལས་གྲུབ་པ་ཞིག་ཡིན་པས་དེ་ནི་དཔེ་མཚོན་གྱི་བོད་བཟོའི་ནགས་ཁུལ་བཟོ་སྐྲུན་ཞིག་ཡིན་ཞིང་། གྲོང་ཚོ་གཉིས་པོའི་བཟོ་སྐྲུན་རྣམ་པ་སོགས་མཚོན་བྱེད་རང་བཞིན་ངེས་ཅན་ཞིག་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།