འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་རྩེའི་དབྱིན་འགོག་བྱས་ནས་ལོ་༡༡༠འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་བཞུགས་
    མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་རྒྱལ་རྩེའི་དབྱིན་འགོག་བྱས་ནས་ལོ་༡༡༠འཁོར་བའི་ལོ་ཞིག་ཡིན་པས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་རྒྱལ་རྩེའི་དབྱིན་འགོག་སྙིང་སྟོབས་དར་སྤེལ་གཏོང་ཆེད་ཚེས་༢༢ཉིན་གྱི་ཕྱི་དྲོ་རང་ལྗོངས་ཀྱིས་ལྷ་སར་རྒྱལ་རྩེའི་དབྱིན་འགོག་བྱས་ནས་ལོ་༡༡༠འཁོར་བའི་རིག་གཞུང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭ་སོགས་ཚན་པ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་རྒྱལ་རྩེའི་དབྱིན་འགོག་གི་དུས་རབས་ཀྱི་རྒྱབ་ལྗོངས་དང་། དབྱིན་ཇི་བཙན་འཛུལ་བས་བསགས་པའི་ཉེས་པ། རྒྱལ་རྩེའི་དབྱིན་འགོག་ཕམ་པའི་རྒྱུ་མཚན། ལོ་རྒྱུས་ཀྱི་བློ་འབྱེད། དེ་བཞིན་ཇི་ལྟར་བྱས་ནས་རྒྱལ་རྩེའི་དབྱིན་འགོག་སྙིང་སྟོབས་དར་སྤེལ་གཏོང་བ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གཅིག་མཇུག་གཉིས་མཐུད་ངང་གཏམ་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།