འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་
    འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་24ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་
འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།
        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་ལེན་ཞིག་རེད།ཏང་གི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ལག་བསྟར་བྱ་རྒྱུ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྱོང་གི་གཞི་རྩའི་ཉམས་མྱོང་ཞིག་རེད།རང་རྒྱལ་གྱི་རྩ་ཁྲིམས་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་གཏན་འཁེལ་བྱས་ཡོད།ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་རྩ་བའི་བླང་བྱ་དང་།ཏང་དང་རྒྱལ་ཁབ་ཀྱི་རྩ་བ་གནས་ས་དང་སྲོག་རྩ་གནས་ས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་བདེ་སྐྱིད་དང་འབྲེལ་བ་ཡོད་པ།ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རིང་ཚང་དགོས་པའི་དོན་གྱི་སྙིང་པོ་བཅས་རེད།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ནི་གཅིག་གྱུར་ཡིན་པ་དང་།སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ཁྲོད་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་།ཏང་གི་འགོ་ཁྲིད་དེ་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་བརྟེན་དགོས།ཏང་གི་འགོ་ཁྲིད་འོག་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་སྐྱོང་ནན་ཏན་བྱས་ཚེ་མི་དམངས་རང་ཁྱིམ་རང་བདག་གཞི་ནས་མངོན་འགྱུར་གང་ལེགས་ཐུབ་པ་དང་།རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བའི་ཁྲིམས་སྐྱོང་ཅན་ལ་གཞི་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ།ཁྲིམས་ལྟར་སྲིད་སྐྱོང་བར་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་རྒྱལ་སྐྱོང་སྲིད་གཉེར་བྱ་རྒྱུའི་བླང་བྱ་བཏོན་ཡོད་ལ།ཏང་གིས་ཏང་ནང་གི་ཁྲིམས་སྲོལ་གཞིར་བཟུང་ཏང་དོ་དམ་དང་ཏང་སྐྱོང་དགོས་པའི་བླང་བྱ་ཡང་བཏོན་ཡོད།
        ཚང་འཛོམས་གྲོས་ཚོགས་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་གལ་ཆེའི་ལས་འགན་ནི།རྩ་ཁྲིམས་ཀྱིས་ལྟེ་བར་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་རྩ་ཁྲིམས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་།ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་བསྐྲུན་རྒྱུ།ཁྲིམས་འཛིན་གཞུང་དྲང་འགན་ལེན་བྱས་ཏེ་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་རྒྱུ།དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ།ཁྲིམས་སྐྱོང་ལས་དོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ་བཅས་ཡིན་པ་ཁ་གསལ་བཏོན་ཡོད།
        ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།བཅའ་ཁྲིམས་ནི་རྒྱལ་སྐྱོང་གི་ལག་ཆ་གལ་ཆེན་ཡིན།བཅའ་ཁྲིམས་ཡག་པོ་ནི་རྒྱལ་ཁབ་ཡག་པོ་སྐྱོང་ཐུབ་པའི་སྔོན་འགྲོ་ཡིན།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་བསྐྲུན་པར་ངེས་པར་དུ་ཁྲིམས་འཛུགས་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་དང་།ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་སྐུལ་འདེད་ནུས་པ་འདོན་སྤེལ་བྱས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་དེ་དམ་འཛིན་བྱེད་དགོས།དམངས་རྩ་བར་འཛིན་པ་དང་དམངས་ཆེད་ཁྲིམས་འཛུགས་ཀྱི་འདུ་ཤེས་བརྟན་པོ་སྲུང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ཏེ་ཁྲིམས་འཛུགས་ཚང་མ་རྩ་ཁྲིམས་ཀྱི་ནང་དོན་དང་མཐུན་པ་དང་།མི་དམངས་ཀྱི་འདོད་བློ་མཚོན་པ།མི་དམངས་ཀྱི་བརྩི་བཀུར་ཐོབ་པ་བཅས་བྱེད་དགོས།གཞུང་དྲང་དང་།དྲང་གཞགཡོངས་བསྒྲགས་བཅས་ཀྱི་རྩ་དོན་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཚང་མའི་ནང་ཁྱབ་པ་བྱས་ཏེ་ཁྲིམས་འཛུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འཛུགས་པ་དང་།སྒྱུར་བཅོས།མེད་པ་བཟོ་བ།འགྲེལ་པ་རྒྱག་རྒྱུ་བཅས་གལ་ཆེ་མཉམ་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དུས་ཐོག་རང་བཞིན་དང་།ཞིབ་ཕྲའི་རང་བཞིན།དམིགས་སའི་རང་བཞིན།གོ་ཆོད་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་དགོས།ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས།རྩ་ཁྲིམས་ལག་བསྟར་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྩ་ཁྲིམས་འཆད་འགྲེལ་གྱི་བརྒྱུད་རིམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།ཁྲིམས་འཛུགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ།ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་ཏང་གི་གནད་དོན་གལ་ཆེན་གྱི་ཐབས་ཇུས་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ།ཁྲིམས་འཛུགས་ཀྱི་དབང་ཆ་ཡོད་པའི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ཀྱི་ཁྲིམས་འཛུགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཆུས་འཛུགས་པའི་གྲོང་ཁྱེར་དང་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་ཁྲིམས་ལྟར་སྤྲོད་དགོས།ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་འཛུགས་རྣམ་གྲངས་བསྡུ་ལེན་དང་རིགས་པས་ཁུངས་སྐྱེལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་འཛུགས་ལས་ཁུངས་ཀྱི་གཙོ་ཁྲིད་དང་སྤྱི་ཚོགས་ཕྱོགས་ཁག་གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་འཛུགས་ནང་ཞུགས་པའི་ཐབས་ལམ་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་སྤྱི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་འཛུགས་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས།གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་དབང་ཆ་འདྲ་མཉམ་དང་།གོ་སྐབས་འདྲ་མཉམ།སྒྲིག་སྲོལ་འདྲ་མཉམ་བཅས་ཀྱི་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་འཐུས་ཚང་དུ་བཏང་ནས་སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་།རྒྱུ་ནོར་དབང་ཆ།གཞི་རྩའི་ཆབ་སྲིད་དབང་ཆ་སོགས་དབང་ཆ་ཁག་ལ་བཙན་གནོད་མི་ཕོག་པ་བྱ་རྒྱུ་འགན་ལེན་དང་།དཔལ་འབྱོར་དང་།རིག་གནས།སྤྱི་ཚོགས་སོགས་ཕྱོགས་ཁག་ཏུ་སྤྱི་དམངས་ཀྱི་དབང་ཆ་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱེད་དགོས།ཁྲིམས་འཛུགས་དང་སྒྱུར་བཅོས་ཐབས་ཇུས་ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱས་ཏེ།སྒྱུར་བཅོས་གལ་ཆེན་ལ་བསྟུན་སའི་ཁྲིམས་ཡོད་པ་དང་ཁྲིམས་འཛུགས་དེ་སྒྱུར་བཅོས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ཐུབ་པ་བྱེད་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།བཅའ་ཁྲིམས་ཀྱི་གསོན་ཤུགས་དེ་ལག་བསྟར་བྱ་རྒྱུར་ཐུག་ཡོད་ལ།བཅའ་ཁྲིམས་ཀྱི་དབང་གྲགས་དེ་ཡང་ལག་བསྟར་བྱ་རྒྱུར་ཐུག་ཡོད།རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་འོག་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ལས་དོན་སྤེལ་ནས་འགན་ནུས་ཚན་རིག་དང་མཐུན་པ་དང་།འགན་དབང་ཁྲིམས་གཏན།ཁྲིམས་ལག་བསྟར་ནན་པོ།ཡོངས་བསྒྲགས་གཞུང་དྲང་།སྤྱོད་གཙང་ཕན་ཆེ།ཁྲིམས་སྲུང་དང་ཁ་དན་ཚིག་གནས་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་བསྐྲུན་དགོས།ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་སྒོ་ཀུན་ནས་བསྒྲུབས་ཏེ་སྒྲིག་གཞི་དང་།འགན་ནུས།དབང་ཚད།གོ་རིམ།འགན་འཁྲི་བཅས་ཁྲིམས་ལྟར་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་སྲིད་གཞུང་གི་དབང་ཆའི་ཞིབ་ཐོའི་ལམ་ལུགས་ཁྱབ་གདལ་གཏོང་དགོས།ཁྲིམས་ལྟར་ཐབས་ཇུས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་དམངས་ཞུགས་པ་དང་།རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ།ཉེན་ཁ་ཚོད་སྐོར།ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར།མཉམ་སྡེབ་ཀྱི་གྲོས་བསྡུར་དང་གཏན་འབེབས་བཅས་སྲིད་འཛིན་གྱི་ཐབས་ཇུས་གལ་ཆེན་གྱི་ཁྲིམས་གཏན་གོ་རིམ་ལ་བརྩི་བ་དང་།སྲིད་འཛིན་ལས་ཁུངས་ནང་ངོས་ཀྱི་ཐབས་ཇུས་གལ་ཆེན་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལམ་སྲོལ་བཙུགས་ནས་ཐབས་ཇུས་གལ་ཆེན་ཚེ་གང་འགན་འཁྲིའི་བདའ་འདེད་ལམ་ལུགས་དང་དེ་བཞིན་འགན་འཁྲི་ལྡོག་བཤེར་བྱེད་པའི་ལམ་སྲོལ་འཛུགས་དགོས།སྲིད་འཛིན་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།གཞུང་དྲང་ཤེས་དཔལ་གྱི་ཁྲིམས་འཛུགས་ཚད་ལྡན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལྟར་རིགས་ཁག་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་པ་དང་།མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ།སྲིད་འཛིན་ཚད་འཇལ་གྱི་གཞི་རྩའི་ཚད་གཞིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྲིད་འཛིན་ཁྲིམས་འཛིན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།སྲིད་འཛིན་དབང་ཆར་གཅུན་འདོམས་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནོར་འཁྲུལ་ཡོ་བསྲང་དང་བདའ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།སྲིད་དོན་ཡོངས་བསྒྲགས་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་ནས་ཡོངས་བསྒྲགས་རྒྱུན་གཏན་ཅན་དུ་འགྱུར་རྒྱུ་དང་ཡོངས་བསྒྲགས་མི་བྱ་རྒྱུ་དེ་དམིགས་བསལ་དུ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཐབས་ཇུས་དང་།ལག་བསྟར།དོ་དམ།ཞབས་ཞུ།འབྲས་བུ་བཅས་ཡོངས་བསྒྲགས་བྱེད་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།གཞུང་དྲང་ནི་ཁྲིམས་སྐྱོང་གི་ཚེ་སྲོག་ལྟ་བུ་ཡིན།ཁྲིམས་འཛིན་གཞུང་དྲང་གིས་སྤྱི་ཚོགས་གཞུང་དྲང་ལ་སྣེ་ཁྲིད་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་པ་དང་ཁྲིམས་འཛིན་གཞུང་དྲང་མེད་པ་དེས་སྤྱི་ཚོགས་གཞུང་དྲང་ལ་གཏོར་བཤིག་ཕོག་གི་ཡོད།དེར་བརྟེན་ངེས་པར་དུ་ཁྲིམས་འཛིན་དོ་དམ་ལམ་སྲོལ་དང་ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དང་ཁྲིམས་འཛིན་བྱེད་སྒོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཚོས་ཁྲིམས་འཛིན་གྱོད་གཞིའི་ཁྲོད་ནས་གཞུང་དྲང་དང་དྲང་བདེན་ཚོར་ཐུབ་པ་བྱེད་དགོས།ཁྲིམས་ལྟར་རང་ཚུགས་གཞུང་དྲང་གི་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱེད་སྒོར་ཐེ་ཇུས་དང་།ཞིབ་ཕྲའི་གྱོད་གཞི་ཐག་གཅོད་ལ་ཐེ་ཇུས་བྱེད་པའི་ཐོ་འགོད་དང་།བརྡ་ཁྱབ་གཏོང་བ།འགན་འཁྲི་བདའ་འདེད་བཅས་ཀྱི་ལམ་ལུགས་འཛུགས་པ་དང་།ཁྲིམས་འཛིན་མི་སྣས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་སྒྲུབ་པའི་སྲུང་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ།ཁྲིམས་འཛིན་འགན་དབང་བཀོད་སྒྲིག་ལེགས་སུ་བཏང་ནས་འདྲི་གཅོད་དབང་ཆ་དང་ལག་བསྟར་དབང་ཆ་ལོགས་སུ་ཕྱེ་བའི་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐོར་གཡེང་ཁྲིམས་ཁང་འཛུགས་པ།སྲིད་འཛིན་ས་ཁོངས་ལས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་འཛུགས་རྒྱུར་འཚོལ་ཞིབ་བྱེད་པ་བཅས་བྱས་ཏེ་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་བཏོན་པའི་ལམ་ལུགས་འཛུགས་རྒྱུར་འཚོལ་ཞིབ་བྱེད་དགོས་པ།ཁྲིམས་འཛིན་ནན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་།དོན་དངོས་གཞི་འཛིན་སར་བྱ་རྒྱུ་དང་ཁྲིམས་ལུགས་ཚད་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་འདྲི་གཅོད་ཀྱིས་ལྟེ་བར་བྱེད་པའི་གཏུག་བཤེར་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་གྱོད་གཞི་སྒྲུབ་གཉེར་གྱི་ཚེ་གང་འགན་འཁྲིའི་ལམ་ལུགས་དང་གྱོད་ནོར་འགན་འཁྲིའི་ལྡོག་བཤེར་བདའ་འདེད་ལམ་ལུགས་ལག་བསྟར་བྱེད་དགོས།མི་དམངས་མང་ཚོགས་ཁྲིམས་འཛིན་ནང་ཞུགས་རྒྱུ་འགན་ལེན་བྱས་ཏེ་ཁྲིམས་འཛིན་འདུམ་འགྲིག་དང་།ཁྲིམས་འཛིན་དཔང་ཉན།ཞུ་གཏུག་དང་འབྲེལ་བའི་ཡིག་བསྐུར་ངོ་བཅར་སོགས་ཁྲིམས་འཛིན་བྱེད་སྒོའི་ཁྲོད་མི་དམངས་མང་ཚོགས་ཞུགས་རྒྱུ་འགན་ལེན་བྱེད་པ་དང་མི་དམངས་ཀྱི་འདྲི་གཅོད་ལས་རོགས་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྒོ་དབྱེ་དང་།སྟངས་སྟབས།ཁ་གསལ།དམངས་ཕན་བཅས་ཀྱི་གཞུང་དྲང་ཁྲིམས་འཛིན་ལམ་སྲོལ་འཛུགས་དགོས།འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས།ཁྲིམས་འཛིན་བྱེད་སྒོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་དབང་ཆ་ལག་བསྟར་བྱེད་པའི་ཁྲིམས་ལུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཉེས་དོན་གཏུག་བཤེར་དང་།དམངས་དོན་གཏུག་བཤེར།སྲིད་འཛིན་གཏུག་བཤེར་བཅས་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ།མི་དམངས་ལྟ་སྐུལ་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱུར་གུ་ཡངས་གཏན་ནས་བྱེད་མི་ཆོག་པ་དང་།འབྲེལ་བའི་གྱོད་གཞི་དང་།ངོ་སོའི་གྱོད་གཞི།རྒྱུ་དངུལ་གྱི་གྱོད་གཞི་བཅས་གཏན་ནས་སྒྲུབ་མི་ཆོག
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།