འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་དུད་ལ་དངུལ་བུན་གཏོང་ཚད་ཁྱབ་ཁྱོན་ཆེ་ཤོས་
    ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་22ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་འདས་ཟིན་པའི་ལོ་ལྔའི་ནང་རིམ་རྩིས་བརྒྱབ་ན་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་169.37བཏང་བ་རེད། འདི་ལོའི་ཟླ་8པའི་ཟླ་མཇུག་བར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་90.27ཟིན་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་དུད་90%ཡན་ལ་ཁྱབ་པ་དང་ཆ་སྙོམས་དུད་ཚང་རེའི་དངུལ་བུན་ལྷག་གྲངས་སྒོར་ཁྲི་3ཟིན་ནས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་དུད་ལ་དངུལ་བུན་གཏོང་ཚད་ཁྱབ་ཁྱོན་ཆེ་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་གྱུར་བ་རེད།
        ད་ཕན་ལོ་ཤས་རིང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུའི“ཞིང་གསུམ”ལས་དོན་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཏེ“ཕ་ལམ་དང་། གསེར། དངུལ། ཟངས”བཅས་གཱ་རིམ་པ་བཞིའི་ཞིང་འབྲོག་དུད་ཚང་གི་ཡིད་རྟོན་དངུལ་བུན་ཐོན་རྫས་གསར་གཏོད་བྱས་ཏེ་སྒོར་3000ནས་ཁྲི་20བར་གྱི་ཞིང་འབྲོག་དུད་ཚང་གི་དངུལ་བུན་གཡར་མཁན་མི་འདྲ་བའི་མ་དངུལ་མཉམ་བསྡུའི་དགོས་མཁོ་སྐོང་བར་འདས་ཟིན་པའི་ལོ་ལྔའི་ནང་རིམ་རྩིས་བརྒྱབ་ན། གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་169.37བཏང་བ་རེད། བདེ་སྡོད་ལས་གྲྭའི་དངུལ་བུན་ཐོན་རྫས་གསར་གཏོད་དང་ཁྱབ་གདལ་བཏང་བར་རིམ་རྩིས་བརྒྱབ་ན། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭར་དངུལ་བུན་སྒོར་དུང་ཕྱུར་44.46བཏང་ནས་ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་40ཙམ་དང་ཞིང་འབྲོག་པ་ཁྲི་200ལྷག་ཙམ་ཁང་པ་གསར་པར་སྤོ་རྒྱུར་རོགས་རམ་བྱས་པ་རེད།
        ཞིང་ལས་དངུལ་ཁང་དུ་རྫོང་མན་གྱི་སྒྲིག་གཞིའི་དྲ་ཚིགས་476ཡོད་པར་ལྗོངས་ཡོངས་ཀྱི་རྫོང་ཚང་མ་དང་རྫོང་ཁོངས་ཤང(གྲོང་རྡལ)62%ལ་ཁྱབ་པ་དེའི་ནང་མཐའ་མཚམས་ས་ཁུལ་དུ་སྒྲིག་གཞིའི་དྲ་ཚིགས་65བསྐྲུན་པ་དེས་རྒྱལ་ཡོངས་ཞིང་ལས་དངུལ་ཁང་ཁོངས་གཏོགས་ཀྱི་མཐའ་མཚམས་སྒྲིག་གཞིའི་དྲ་ཚིགས་ཀྱི་34%ཟིན་ཡོད་པ་རེད།2014ལོའི་ལོ་སྟོད་དུ་ཞིང་ལས་དངུལ་ཁང་གི་ཞིང་རོགས་དངུལ་ལེན་ས་ཚིགས་་བོད་ཀྱི་ཤང(གྲོང་རྡལ)ཡོངས་སུ་ཁྱབ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་སྟབས་བདེའི་དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་རེད།
        2014ལོའི་ཟླ་8བར་བོད་ཀྱི་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན།ཡིད་རྟོན་རྫོང་6དང་།ཡིད་རྟོན་ཤང(གྲོང་རྡལ)390 ཡིད་རྟོན་གྲོང་ཚོ་3746བཅས་ཞིབ་དཔྱད་གཏན་འཁེལ་བྱས་ཤིང་།ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་རྫོང་དང་།ཤང(གྲོང་རྡལ)གྲོང་ཚོ་བཅས་སུ་ཞིབ་དཔྱད་གཏན་འཁེལ་བྱས་པའི་ཞིང་འབྲོག་དུད་ཚང་ལ་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གྱི་ཡིད་རྟོན་དངུལ་འབོར་འོས་འཚམ་ངང་མཐོ་རུ་བཏང་ནས་ཁ་དན་ཚིག་གནས་ལ་སྐུལ་ལྕག་གཏོང་བ་དང་ཁ་དན་ཚིག་ལ་མ་གནས་ཚེ་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་ཆགས་ཏེ་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་ངང་རྒྱུན་སྲིང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་པ་རེད།དངུལ་ཁང་དེ་ཡོངས་ཀྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་ཚུར་ལེན་མ་ཐུབ་ཚད་0.31%ལས་མེད་པ་རྒྱལ་ཡོངས་ཀྱི་ཞིང་ལས་དངུལ་ཁང་གི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་དམའ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།