འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་ནན་པོ་སྐྱོང་རྒྱུ་དེ་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་གི་ནང་དོན་འཁྱོལ་བྱེད་དགོས། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་22ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ལྗོངས་ཡོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།
        ཏང་ནན་པོ་སྐྱོང་བའི་བླང་བྱ་དེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་།རྩ་འཛུགས་འཛུགས་སྐྱོང་།སྤྱོད་ཚུལ་འཛུགས་སྐྱོང་།ལམ་ལུགས་འཛུགས་སྐྱོང་།རུང་རྒོལ་གཙང་སྤེལ་འཛུགས་སྐྱོང་བཅས་ཀྱི་ཕྱོགས་ཁག་གི་ནང་དོན་འཁྱོལ་བྱས་ཏེ་བོད་དུ་ཏང་གིས་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དང་བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས”ལྗོངས་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་དུས་བབ་གསར་པའི་འོག་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་གི་ལས་དོན་བཀོད་སྒྲིག་བྱས་ཡོད།
        ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ནང“ནན་པོ”ཞེས་པའི་ཡིག་འབྲུ་དེ་ཐེངས་98གསུངས་གནང་བ་དང་དུས་བབ་གསར་པའི་འོག་ཏང་ནན་སྐྱོང་གི་བླང་བྱ་དོན་འཁྱོལ་དང་།ཏང་གི་འགོ་ཁྲིད་ནུས་པ་དང་སྲིད་སྐྱོང་ནུས་པ་མཐོ་རུ་གཏོང་རྒྱུའི་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་ཡོད།ང་ཚོས་ངེས་པར་དུ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བདེ་སྡོད་ཉེན་བསམ་ཐོག་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་སྟེ་ཏང་ནང་ཏང་གི་སྐད་ཆ་ཤོད་པ་དང་།ཏང་ནང་ཏང་ལ་དགའ་ཞེན་བྱེད་པ།ཏང་ནང་ཏང་སྲུང་སྐྱོང་བྱེད་པ།ཏང་ནང་ཏང་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་དང་གནས་བབ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
        ཀྲུང་གོའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་དེ་ཏང་ལ་ཐུག་ཡོད།བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་དེ་ཡང་ཏང་ལ་ཐུག་ཡོད།ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུ་དེ་ང་ཚོའི་ཏང་གི་སྔ་བར་ཕྱི་གསུམ་གྱི་བྱེད་ཕྱོགས་ཤིག་དང་།“ཚོད་བགམ་ཆེན་པོ་བཞི”ཡི་ཉམས་སད་ཐེག་པ།“ཉེན་ཁ་བཞི”འགོག་པའི་རྩ་བའི་བྱེད་ཐབས་བཅས་ཡིན།དེར་བརྟེན་ང་ཚོས་ངེས་པར་དུ་ཏང་ནན་པོ་སྐྱོང་རྒྱུ་དེ་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་ནང་ཁྱབ་པ་བྱེད་པ་དང་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་།དོ་དམ།ལྟ་སྐུལ་བཅས་ཀྱི་ལྷུ་ཚིགས་ནང་མངོན་པ་བྱེད་དགོས་ཤིང་།ངེས་པར་དུ་ལས་བྱེད་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རང་གཅུན་ནན་པོ་བྱེད་པ་དང་དེ་བས་མཐོ་བའི་ཚད་གཞི་དང་བླང་བྱ་འདོན་དགོས་པ།ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཏང་ནང་གི་ལྟ་སྐུལ་དང་།མང་ཚོགས་ཀྱི་ལྟ་སྐུལ།གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་དེ་བས་ལེགས་པའི་སྒོ་ནས་སྤེལ་དགོས་པ།ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་རུལ་རྒོལ་གཙང་སྤེལ་གྱི་གྲུབ་འབྲས་གསར་པའི་ཐོག་ནས་མི་སེར་གྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
        གུང་ཁྲན་ཏང་མི་ནི་ནན་ཏན་ལ་སྣང་ཆེན་ཆེ་ཤོས་བྱེད་མཁན་ཞིག་ཡིན་ཞིང་།ནན་ཏན་བྱེད་དགོས་ན“ནན”ཞེས་པའི་ཚིག་དེ་དམ་བཟུང་བྱེད་དགོས་པ་མ་ཟད།ནན་ཏན་ལ་སྣང་ཆེན་བྱ་རྒྱུ་དེ་ལས་དོན་མཐའ་དག་ཁྲོད་ལག་བསྟར་བྱེད་དགོས།བསམ་བློའི་སློབ་གསོ་དང་ལག་བསྟར་ལམ་ལུགས་ཟུང་འབྲེལ་བྱེད་དགོས་ཤིང་།བསམ་བློའི་སློབ་གསོའི་འགག་རྩ་ནི“ནང་ངོས་ཀྱི་རྒྱུ་རྐྱེན”ཐག་གཅོད་བྱ་རྒྱུ་དེ་ཡིན་པ་དང་།ལམ་ལུགས་གཅུན་འདོམས་ཀྱི་འགག་རྩ་ནི“ཕྱིའི་རྒྱུ་རྐྱེན”ཐག་གཅོད་བྱ་རྒྱུ་དེ་ཡིན།དེ་གཉིས་ནི་བྱ་ཡི་གཤོག་ཟུང་དང་འདྲ་བར་གཅིག་རམ་གཅིག་འདེགས་ཤིག་ཡིན།བསམ་བློའི་སློབ་གསོ་ནི་ཡུན་རིང་གི་བརྒྱུད་རིམ་ཞིག་ཡིན་པས་ལམ་ལུགས་ཀྱི་རླུང་ཙི་དེ་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་དགོས།ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དང་།“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས།“ལམ་གཉིས”ཀྱི་སྙིང་སྟོབས།ཁུང་ཧྥན་སེན་གྱི་སྙིང་སྟོབས་སོགས་ལག་ལེན་གྱི་གཞི་རྟེན་ཡག་པོ་སྤྱད་དེ་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་ལེགས་སུ་གཏོང་བའི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིགལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་ནན་པོ་ལག་བསྟར་ཐུབ་པ་བྱེད་དགོས།
        མང་ཚོགས་ལམ་ཕྱོགས་ནི་ཇི་སྲིད་བར་སྤེལ་རྒྱུའི་ལས་དོན་ཞིག་ཡིན།སྤྱོད་ཚུལ་འཛུགས་སྐྱོང་ལ་རྫོགས་དུས་མེད།དེ་བས་ནན་པའི་ཚད་གཞི་དང་།དེ་བས་ནན་པའི་བྱེད་ཐབས།དེ་བས་ནན་པའི་སྒྲིག་ཁྲིམས་བཅས་མུ་མཐུད་དེ་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་ནང་དོན་འཁྱོལ་བྱེད་པ་དང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས།ཏང་འཛུགས་ཀྱི་འགན་འཁྲི་ནན་དུ་བཏང་ནས་ཏང་ཨུད་ཀྱི་འགན་འཁྲི་གཙོ་བོ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་།བསམ་བློའི་སློབ་གསོ་ནན་དུ་བཏང་ནས་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་གཏོང་བ།ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ལམ་ལུགས་ཀྱི་བསྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་མཐའ་གཅིག་ཏུ་སྲུང་བ།ནན་པའི་ཆབ་སྲིད་འཚོ་བར་བརྟེན་ནས་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ།ལས་བྱེད་པར་དོ་དམ་ནན་པོ་བྱས་ཏེ“དམ་ནན་གསུམ་དང་དྲང་བདེན་གསུམ”གྱི་བླང་བྱ་རང་རྟོགས་ངང་ལག་ལེན་བྱེད་པ།སྤྱོད་ཚུལ་འཛུགས་སྐྱོང་ནན་དུ་བཏང་ནས་ཏང་སྲོལ་སྲིད་སྲོལ་བཟང་པོས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་རྩ་བའི་ཆ་ནས་ལེགས་སུ་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ།ཏང་གི་སྒྲིག་ཁྲིམས་ནན་པོས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱེད་པ།ལྟ་སྐུལ་ལ་ཤུགས་སྣོན་ནན་པོ་བརྒྱབ་ནས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་མང་ཚོགས་ལ་རྩིས་སྤྲད་ནས་གདེང་འཇོག་བྱེད་དུ་འཇུག་པ།ཏང་ནན་པོ་སྐྱོང་བའི་ཆོས་ཉིད་ཀྱི་བླང་བྱ་དེ་བས་ནན་དུ་བཏང་ནས་ཏང་ནན་སྐྱོང་གི་ཞིབ་ཕྲའི་རང་བཞིན་དང་།སྔོན་དཔག་རང་བཞིན།གསར་གཏོད་རང་བཞིན།དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས།
        སློབ་གསོ་ལག་ལེན་བྱེད་སྒོ་མཇུག་བསྡུའི་མཚམས་སུ་སླེབས་མོད།འོན་ཀྱང་ང་ཚོའི་ཏང་ལ་འཕྲད་པའི“རྒྱུགས་ལེན”ད་དུང་མཇུག་འགྲིལ་མེད།རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ནན་པོ”ཞེས་པའི་ཚིག་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་རྨང་གཞི་དང་འགན་ལེན་དུ་བརྩི་བ་དང་།སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཀར་བརྩིས་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཟི་བརྗིད་འོས་འགན་འཁུར་དགོས།
      

    ཕྱོགས་བསྡུས་གསར་འགྱུར།