འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་དམིག་བསལ་ཁུལ་སྲིད་གཞུང་གིས་སློབ་མ་མཉམ་འབྲེལ་ལྷན་ཚོགས་དང་གྲོས་མོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་22ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཁྲིམས་འགལ་གྱིས་ཀྲུང་ཧོན་བཙན་བཟུང་ལས་འགུལ་ཉིན་མང་རྒྱུན་མཐུད་བྱུང་ཞིང་། ཟླ་10ཚེས་21ཉིན་གྱི་དགོང་མོའི་ཆུ་ཚོད་6པར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཤང་ཀང་སློབ་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་དང་གྲོས་མོལ་བྱས་ཤིང་། འདི་ནི་ཕྱོགས་གཉིས་ཀས་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་གནད་དོན་སྐོར་གྲོས་མོལ་ཐེངས་དང་པོ་བྱས་པ་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་དོན་སིའི་སི་ཀྲང་ལིན་ཀྲེན་ཡུའེ་ཨོ་ཡིས་གྲོས་མོལ་བྱེད་འགོ་རྩོམ་པའི་གཏམ་བཤད་བྱེད་སྐབས་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་གཏོང་རྒྱུ་ནི་རྩོད་གཞི་ལྡན་པའི་གྲོས་གཞི་ཞིག་ཡིན་པས། སྤྱི་ཚོགས་ཀྱི་མི་སྣ་རྣམས་ལ་་རེ་འདོད་ཞུ་དོན་མི་འདྲ་བར་ཡོད་པ་ནི་བསམ་ཤེས་བྱས་ཆོག་པ་ཡིན་མོད། འོན་ཀྱང་ཁྲིམས་སྲུང་དང་། ཞི་བདེ། ཚུལ་མཐུན་བཅས་དང་དེ་བཞིན་མི་གཞན་ལ་གནོད་སྐྱོན་མི་ཐེབས་པའི་གནས་ཚུལ་འོག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡིན་པ་དང་། སློབ་གྲོགས་ཚོས་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་སྣེ་ཁྲིད་ཀྱིས་ཀྲུང་ཧོན་བཙན་བཟུང་བྱ་རྒྱུའི་འབོད་སྐུལ་བྱེད་མཁན་ཕྱིར་འཐེན་གང་མགྱོགས་བྱས་ཏེ་གྲོང་མི་རྣམས་ཀྱིརྒྱུན་ལྡན་གྱི་འཚོ་བ་སླར་གསོ་ཡོང་བར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།