འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“གཞུང་ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ འགྲིམ་འགྲུལ་འཕེལ་རྒྱས་
    ལ་རོགས་སྐུལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་21ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཝང་ཅིན་ཧོ་ལ་ཆེད་མངགས་བཅར་འདྲི་ཞུས་པ། 
         ན་ནིང་ཚུན་དུ་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱིས“འཕེལ་རྒྱས་ལ་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་།ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”མཐའ་འཁྱོངས་ཀྱིས་ཏང་ཨུད་ཀྱི་ལྟེ་བའི་འགོ་ཁྲིད་ནུས་པ་དང་།གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ།གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཞིང་།འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ལྗོངས་ཡོངས་ཀྱིས་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་104བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་52%འཕར་བ་དེའི་ནང་རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་37.16དང་།རྫོང་ལ་ཤར་གཏོང་ཐུབ་པའི་སྣུམ་ནག་གཞུང་ལམ་དང་དེ་བཞིན་དཔལ་འབྱོར་མ་ལག་ལ་མ་དངུལ་སྒོར་དུང་ཕྱུར་19.76གྲོང་གསེབ་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར་40བཅས་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་དཔལ་འབྱོར་འཕར་རྒྱུར་ཡར་སྐུལ་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།
        འགྲིམ་འགྲུལ་སྡེ་ཚན་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་ནས་གསར་འགོད་པས་ཉེ་ཆར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཝང་ཅིན་ཧོ་ལ་ཆེད་མངགས་བཅར་འདྲི་ཞུས་པ་ཡིན།
        ཝང་ཅིན་ཧོ་ཡིས་ཟླ་8ཚེས་6ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་སྐབས་དེར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཡོད།མིག་སྔར“གཞུང་ལམ་གཉིས”ཀྱི་སྙིང་སྟོབས་དེ་ཁོངས་གཏོགས་དེ་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་མི་སེམས་གཅིག་ཏུ་སྒྲིལ་བའི་བསམ་བློའི་འདེགས་སྐྱོར་གལ་ཆེན་ཞིག་དང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱིས“གཞུང་ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་།“འགྲིམ་འགྲུལ་བཞི”འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ།ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གང་མགྱོགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐོག་ནས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
        ཝང་ཅིན་ཧོ་ཡིས་གསར་འགོད་པར་ཐིང་ཏང་ཨུད་ཀྱིས་ཏང་ཨུད་ཀྱི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་ཀྲི་པུའི་ཚོགས་ཆུང་ཁག་བགོས་ཀྱི་སློབ་སྦྱོང་དང་།གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་།རིགས་གཅིག་མཁས་ཅན་གྱི་ཟུར་ཁྲིད་དང“འགན་འཁྲི་བ་ཨང་དང་པོས”སློབ་ཁྲིད་བྱ་རྒྱུ་བཅས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་སློབ་སྦྱོང་གི་རྣམ་པ་ཡག་པོ་ཞིག་བཏོད་ནས་སློབ་སྦྱོང་དང་ལས་དོན“གཉིས་ཀར་འཐུས་ཤོར་མི་འགྲོ་བ་དང་།གཉིས་ཀར་སྐུལ་འདེད་གཏོང་བ།གཉིས་ཀའི་ཚད་གཞི་མཐོ་རུ་གཏོང་བ”བཅས་དངོས་བྲེལ་བྱེད་ཐུབ་པ་བྱུང་ཡོད་ཅེས་བཤད།
        གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་གྲྭ་འཛུགས་སྐྲུན་དང་།ཨར་རྒྱགལྟ་སྐུལ་དོ་དམ།ཇུས་འགོད་སོགས་ཚན་པའི་ཏང་འཛུགས་སྐྱོང་ལས་དོན་གྱི“མིག་མངས་འགྲིག་སྐོར་གཅིག”གི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་།གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།“མཉམ་གླེང་དང་།མཉམ་བསྡུར།མཉམ་དཔྱད”བཅས་ལག་བསྟར་ཧུར་ཐག་བྱས་པས་ཕྱོགས་གཅིག་ནས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ལ་དམ་འཛིན་ཐུབ་པ་དང་ཕྱོགས་གཞན་ཞིག་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་མཐོར་གཏོང་ཐུབ་པ་བྱུང་ཡོད་པ་རེད།
        ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱིས་ཐིང་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་ཁུར་བས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་བ་ཨང་དང་པོ་བྱེད་རྒྱུ་དང་།ཚན་ཁག་གི་ཁོངས་མི་གཞན་དག་ཚོས་འགན་འཁྲི་སྒྲུབ་པའི་ལས་བགོས་ཁྱབ་ཁོངས་ནང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགོ་ཁྲིད་པ་གཙོ་བོའི་འགན་འཁྲི་འཁུར་རྒྱུའི་ལས་ཀའི་འགན་ནུས་ཁ་གསལ་བཟོས་པ་དང་།ཁོངས་གཏོགས་དེ་ཡོངས་ཀྱིས་ཁྱོན་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་སློབ་གསོ་གསོ་སྦྱོང་ཐེངས་4བྱས་པའི་ནང་ལས་བྱེད་པ་མི་ཐེངས་390ཞུགས་ཡོད་པ་རེད།
        སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱིས་གཞི་རྟེན་གསར་གཏོད་ཧུར་ཐག་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་།རྨང་གཞི་བརྟན་གཏོང་དང་།དམངས་ལ་ཕན་འདོགས་པའི་བྱེད་སྒོཆ་སྒྲིག་གཉེན་འཚོལ་བྱེད་སྒོ་བཅས་ལ་དམ་འཛིན་ཡག་པོ་བྱས་ནས“སྤྱོད་ཚུལ་བཞི”དང“གནད་དོན་གཉིས”ཐད་ལྷག་པའི་གནད་དོན་ཁག་43འཚོལ་ཞིབ་བྱས་ནས་བཅོས་སྒྲིག་བྱས་པ་དང་།ལམ་ལུགས་ཁག་33བཟོས་པ་དང་འཐུས་ཚང་དུ་བཏང་བ།རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་འདོགས་པའི་བྱེད་སྒོའི་ཁྲོད་མང་ཚོགས་ལ་བྱ་བ་དངོས་དང་དཀའ་གནད་ཁག་1100ལྷག་ཙམ་བསྒྲུབས་པ།“མ་དངུལ་གཏོང་ཉུང་ལ་དུས་ཡུན་ཐུང་བ་དང་།ཕན་འབྲས་ཐོན་མྱུར་བའི”རྣམ་གྲངས་ཁག་253དང་མ་དངུལ་སྒོར་དུང་ཕྱུར་8.7དོན་འཁྱོལ་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངུལ་དང་དངོས་པོ་སྒོར་ཁྲི་67ཞལ་འདེབས་བརྒྱབ་པ་རེད།ལམ་སྐྱོང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གཞུང་ལམ་བདག་སྐྱོང་ཁོངས་གཏོགས་སུ་ལས་མི་4899ཁ་སྣོན་བརྒྱབ་ནས་གཞུང་ལམ་བདག་སྐྱོང་གི་འཐབ་ཕྱོགས་དང་པོར་ལས་མི་དཀོན་པ་དང་།གཞུང་ལམ་བདག་སྐྱོང་བཟོ་པའི་བུ་ཕྲུག་ལས་ཞུགས་བྱེད་རྒྱུ།དུས་ཡུན་རིང་པོ་གདན་ཞུས་བཀོལ་སྤྱོད་བྱས་པའི་ལས་མིར་ལས་ཀ་དང་ངལ་རྩོལ་གཅིག་མཚུངས་ཡིན་ཡང་ཐོབ་ཆ་གཅིག་མཚུངས་མིན་པ་སོགས་ཀྱི་གནད་དོན་རྙིང་པ་ཐག་གཅོད་འོས་འཚམ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།