འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཛོ་རྒན་ར་བ་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་༢༠༡༦ལོར་ལེགས་འགྲུབ་
    བྱུང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་15ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ༼ཟི་ལིང་དགོང་དྲོའི་ཚགས་པར་༽ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཛོ་རྒན་ར་བ་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་ནི་མཚོ་སྔོན་ཞིང་ཆེན་གྱི་༼གཞུང་གསུམ་འཕྲེད་བཞི་བཅུ་འབྲེལ་༽བཅས་ཀྱི་གཞུང་ལམ་སྒྲོམ་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བར་གྱི་སྟབས་བདེ་གཞུང་ལམ་གལ་ཆེན་ཞིག་ཀྱང་ཡིན། ཉེ་ཆར་གཞུང་ལམ་དེའི་དགའ་བདེ་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་ནས་ལས་གྲྭ་ཧྲིལ་པོ་ཛ་དྲག་ངང་ཨར་ལས་བྱེད་བཞིན་ཡོད་ཅིང་། སྔོན་དཔག་ལྟར་ན། ༢༠༡༦ལོར་གཞུང་ལམ་དེ་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།