འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་མཐུན་ལི་ཁེ་ཆང་མཚམས་སྦྱོར་མདོར་བསྡུས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་11ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བློ་མཐུན་ལི་ཁེ་ཆང་མཚམས་སྦྱོར་མདོར་བསྡུས་བྱེད་པ།
        ལི་ཁེ་ཆང་། ཕོ། རྒྱ་རིགས། 1955ལོའི་ཟླ་7པར་འཁྲུངས། ཨན་ཧུའེ་ཏིང་ཡོན་ནས་ཡིན། 1974ལོའི་ཟླ་3པར་ལས་ཀར་ཞུགས།1976ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིང་སློབ་ཆེན་བཅའ་ཁྲིམས་ཚན་ཁག་དང་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་ཐོན་ནས་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་རིག་པའི་རབ་འབྱམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད། 
         1974ལོ་ནས་1976ལོ་བར་ཨན་ཧུའེ་ཞིང་ཆེན་ཕུང་དབྱང་རྫོང་ཏཱ་མེའོ་ཀུང་ཧྲེ་ཏུང་ལིང་རུ་ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་གནང་བ། 1976ལོ་ནས་1978ལོ་བར་ཨན་ཧུའེ་ཞིང་ཆེན་ཕུང་དབྱང་རྫོང་ཏཱ་མེའོ་ཀུང་ཧྲེ་ཏཱ་མེའོ་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གནང་། 1978ལོ་ནས་1982ལོ་བར་པེ་ཅིང་སློབ་ཆེན་བཅའ་ཁྲིམས་ཚན་ཁག་ཏུ་སློབ་སྦྱོང་གནང་རིང་སློབ་གྲྭའི་སློབ་མའི་ཚོགས་པའི་འགན་ཁུར་བ་གནང་། 1982ལོ་ནས་1983ལོ་བར་པེ་ཅིང་སློབ་ཆེན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་རྒྱུན་ཨུ་གནང། 1983ལོ་ནས་1985ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སློབ་གྲྭ་པུའི་པུའུ་ཀྲང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་གཅིག་ལྕོགས་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྗེས་སྣོན་ཧྲུའུ་ཅི་གནང་། 1985ལོ་ནས་1993ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གཅིག་ལྕོགས་གནང་།(1991ལོའི་ཟླ་9པ་ནས་ཟླ་11པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)1993ལོ་ནས་1998ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་དང་ཀྲུང་གོ་གཞོན་ནུ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་གཅིག་ལྕོགས་གནང་།(1988ལོ་ནས་1994ལོ་བར་པེ་ཅིང་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སུ་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་རིང་དཔལ་འབྱོར་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་ཐོབ)1998ལོ་ནས་1999ལོ་བར་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།ལས་ཚབ་ཧྲེང་ཀྲང་། རྨ་ཆུ་འབྲུབ་འགོག་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཅིག་ལྕོགས་བཅས་གནང་། 1999ལོ་ནས་2002ལོ་བར་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲེང་ཀྲང་། རྨ་ཆུ་འབྲུབ་འགོག་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཅིག་ལྕོགས་བཅས་གནང་། 2002ལོ་ནས་2003ལོ་བར་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་། ཧྲེང་ཀྲང་། རྨ་ཆུ་འབྲུབ་འགོག་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཅིག་ལྕོགས་བཅས་གནང་། 2003ལོ་ནས་2004ལོ་བར་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་། 2004ལོ་ནས་2005ལོ་བར་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་། 2005ལོ་ནས་2007ལོ་བར་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་། 2007ལོ་ནས་2008ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གནང་། 2008ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།ཏང་ཙུའི་ཧྲུའུ་ཅི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་། སྐབས་བཅོ་ལྔ་པ་དང་། སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ།སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གནང་།
      

    ཕྱོགས་བསྡུས་གསར་འགྱུར།