འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུགས་ལེན་སློབ་མ་བསྡུ་བའི་ལམ་ལུགས་བསྒྱུར་བཅོས་བྱེད་ཐེངས་གསར་པ་ཞིག་ཕྱོགས་
    ཡོངས་ནས་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱུགས་ལེན་སློབ་མ་བསྡུ་བའི་ལམ་ལུགས་བསྒྱུར་བཅོས་བྱེད་ཐེངས་གསར་པ་ཞིག་ཕྱོགས་
ཡོངས་ནས་བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༤ཉིན་༢༠༡༧ལོ་ནས་བཟུང་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱ་རྒྱུ་ཡིན་པའི<<རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུགས་ལེན་སློབ་མ་བསྡུ་བའི་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར>>ཡོངས་བསྒྲགས་བྱས་པ་དང་། བསམ་འཆར་དེས་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་ནང་དོན་དང་། བྱ་ཐབས། སློབ་མ་བསྡུ་བ། དོ་དམ་སོགས་ཀྱི་བྱ་རིམ་ལ་ཇུས་འགོད་དང་བཀོད་སྒྲིག་གསར་པ་བྱས་ཡོད། དེའི་ཁྲོད་དུ་རིག་ཚན་དང་རྩིས་ཚན་གྱི་དབྱེ་བ་མི་དགར་བ་དང་། སྒྱུ་རྩལ་དང་ལུས་རྩལ་གྱི་དམིགས་བསལ་འཇོན་ཐང་ལྡན་པའི་སློབ་མར་སྐར་གྲངས་མི་སྣོན་པ་བྱ་རྒྱུ་སོགས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།