འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་ཉེར་གཅིག་པའི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་མཇུག་སྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྐབས་༢༡པའི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་དེ་སྤྱི་ཟླ་༨པའི་ཚེས་༣༡ཉིན་མཇུག་སྒྲིལ་ཡོད་པ་དང་། དུས་ཡུན་ཉིན་ལྔའི་དུས་ཚོད་ནང་། རྒྱལ་ཁབ་དང་ས་ཁུལ་༧༨ནས་ཡོང་བའི་འགྲེམ་སྟོན་ཚོང་པས་དཔེ་སྐྲུན་དབང་ཆ་ཉོ་ཚོང་རྒྱ་ཁྱབ་བྱས་ཡོད་པ་དང་། རྩོམ་རིག་དང་། བྱིས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་རིགས་ཀྱི་དཔེ་དེབ་རྣམས་འདི་ལོའི་དཔེ་སྐྲུན་དབང་ཆ་ཉོ་ཚོང་བྱེད་ས་གཙོ་བོར་གྱུར་ཡོད་པ་རེད།
        རིན་གོང་སྒོར་༥༠༠ལྷག་བཀོད་ཡོད་པའི་ཀྲུང་གོའི་རྒྱང་བསྐྱོད་གསར་པ་ཞེས་པའི་དེབ་དེ་ནི་ཆིང་ཏའོ་དཔེ་སྐྲུན་ཚོགས་པས་འཛམ་གླིང་ཧྲིལ་པོའི་གྲགས་ཅན་པར་ལེན་མཁས་པ་༢༠ལྷག་གདན་ཞུ་བྱས་ནས་ཀྲུང་གོའི་རྒྱང་བསྐྱོད་ཀྱི་ལམ་ཐིག་ཐོག་ཡུལ་ལྗོངས་འཚོལ་བསྡུ་བྱས་རྗེས་ལེགས་གྲུབ་བྱས་པའི་བརྩམ་བྱ་ཡིན་པ་དང་། ད་དུང་བརྙན་མཐོང་ཡང་དེབ་ཀྱི་ནང་བཀོད་ཡོད་པས། མིག་སྔར་དེབ་འདི་ཕྱི་རྒྱལ་གྱིས་མངག་ཉོ་བྱེད་ཚད་དེབ་གྲངས་ཉིས་ཁྲི་ཟིན་ཡོད་པ་རེད།
        སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཀྲུང་གོའི་འགྲོ་ལམ། ཀྲུང་གོའི་མ་དཔེ། དེ་བཞིན་དེང་རབས་རྩོམ་རིག་རིགས་ཀྱི་དཔེ་དེབ་ཀྱང་དཔེ་སྐྲུན་དབང་ཆ་ཉོ་ཚོང་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད། ཀྲུང་གོས་སྒྲུབ་ཐུབ་པའི་རྒྱུ་མཚན་གང་ཡིན་ཞེས་པ་དང་། ལོ་རྒྱུས་ཀྱི་འཁོར་ལམ་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་སྒྲུབ་ཐུབ་པའི་རྒྱུ་མཚན་གང་ཡིན་ཞེས་པ། ཀྲུང་གོའི་ཕུགས་འདུན་ནི་སུའི་ཕུགས་འདུན་ཞེས་པ་སོགས་ཀྱི་དཔེ་དེབ་ཚང་མ་སྐད་རིགས་བཅུ་གྲངས་ཁ་ཤས་ཀྱི་དཔེ་སྐྲུན་དབང་ཆ་འཚོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།