འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

    ༄༅།།ཞིས་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་དམག་དཔུང་
    གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཁག་གི་
    དམག་དཔུང་གི་སྤྱི་ཁྱབ་དམག་དཔོན་ལ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་29ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་དམག་དཔུང་
གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཁག་གི་
དམག་དཔུང་གི་སྤྱི་ཁྱབ་དམག་དཔོན་ལ་མཇལ་འཕྲད་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་དམག་དཔུང་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་ཧ་སག་སི་ཐན་དང་། ཅིར་ཅི་སི་སི་ཐན། ཨུ་རུ་སུ། ཐ་ཅི་ཁེ་སི་ཐན། ཝུའུ་ཙི་པིའེ་ཁེ་སི་ཐན་བཅས་པའི་རྒྱལ་ཁབ་ཀྱི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་ཚོར་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལོ་མང་རིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཁག་གི་འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གིས་འགོ་གཙོ་རྣམས་ཀྱི་ངོས་འཛིན་གཅིག་མཐུན་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་ནས་འགོ་ཁྲིད་གྲོས་ཚོགས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཁྱབ་ཁོངས་ཁག་ཏུ་གཉིས་ཕན་མཉམ་ལས་སྤེལ་བ་སྤྱི་དང་ལྷག་པར་དུ་"ཞི་བདེ་ལས་འགན་"ཞེས་པའི་ནང་སྦྱོང་སྤུས་རྟགས་རབ་དང་རིམ་པ་གསར་སྤེལ་བྱས་པ་ལས་ཕན་རྐྱེན་གཏིང་ཟབ་པོ་ཐོན་ཏེ་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་ཆེན་པོ་བཞག་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཁག་དང་འཐབ་ཇུས་ཐོག་གྱི་མཐུན་སྦྱོར་དམ་པོ་བྱས་ཏེ་སྟོབས་ཤུགས་གཅིག་བསྒྲིལ་གྱིས་"ངན་ཤུགས་གསུམ་"ལ་རྡུང་རྡེག་གཏོང་བ་དང་། ལག་གདང་སྦྲེལ་ནས་ས་ཁུལ་དུ་འཐོན་པའི་འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་འཇལ་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།