འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་<<དམག་དཔུང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཏང་གི་རྩ་
    འཛུགས་འཚོ་བར་ཞུགས་རྒྱུའི་གཏན་འབེབས་འགའ་ཞིག་>>ཅེས་པ་པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་29ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་<<དམག་དཔུང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཏང་གི་རྩ་འཛུགས་འཚོ་བར་ཞུགས་རྒྱུའི་གཏན་འབེབས་འགའ་ཞིག་>>ཅེས་པ་པར་འགྲེམས་བྱས་ཤིང་། <<གཏན་འབེབས་>>ཀྱི་ནང་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་མི་རེ་ཚང་མ་ངེས་པར་དུ་ཏང་གི་ཀྲི་པུའུ་དང་ཚོ་ཆུང་ཤིག་ནང་བཅུག་སྟེ་ཏང་ཡོན་དཀྱུས་མའི་ཐོབ་ཐང་ཐོག་ནས་ཏང་གི་རྩ་འཛུགས་འཚོ་བར་ཞུགས་དགོས་པ་ལས། ཏང་གི་རྩ་འཛུགས་ཀྱི་འཚོ་བར་མི་ཞུགས་པ་དང་། ཏང་གི་རྩ་འཛུགས་དང་ཏང་ཕྱི་ནང་གི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་མི་བྱེད་པའི་ཏང་ཡོན་དམིགས་བསལ་ཅན་ཡོད་མི་ཆོག་ཅེས་གཏན་འབེབས་ཁ་གསལ་བྱས་ཡོད། <<གཏན་འབེབས་>>ཀྱི་ནང་དུ་རིམ་པ་ཁག་གི་ཏང་ཨུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། ཆབ་སྲིད་ལས་ཁུངས་བཅས་ཀྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རྣམས་ཏང་གི་རྩ་འཛུགས་འཚོ་བར་ཞུགས་ཚུལ་ལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་ལྟར་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཏང་གི་རྩ་འཛུགས་འཚོ་བར་ཞུགས་ཚུལ་དཔྱད་བསྡུར་རམ་བརྡ་ཁྱབ་གཏོང་དགོས་ཤིང་། རྒྱུ་མཚན་མེད་པར་ཏང་གི་རྩ་འཛུགས་འཚོ་བར་མི་ཞུགས་མཁན་ལ་དུས་ཐོག་ཏུ་དྲན་སྐུལ་དང་སྐྱོན་བརྗོད་སློབ་གསོ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།