འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

    ༄༅།།ཞིས་ཅིན་ཕིང་གིས་ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ཀྱི་ཙུང་ལི་པུའུ་ལང་དང་གྲོས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་28ཉིན། 08:42】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ཀྱི་ཙུང་ལི་པུའུ་ལང་དང་གྲོས་མོལ་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༢༧ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ཀྱི་ཙུང་ལི་པུའུ་ལང་དང་གྲོས་མོལ་གནང་སྐབས། ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ཀྱིས་གནད་དོན་མང་ཤོས་ཐོག་ནས་ཀྲུང་གོར་རྒྱབ་བྱས་མྱོང་བས་ང་ཚོས་ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ལ་མཛའ་འབྲེལ་འཛུགས་འདོད་ཡོད་ཅེས་གསུངས། འབྱུང་འགྱུར་ཕྱོགས་གཉིས་ཀྱིས་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་ཁུངས་གསར་པ་བཅས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུ་ཡིན་པ་མ་ཟད། སློབ་གསོ་དང་རིག་གནས་ཐད་སྤེལ་རེས་རྒྱ་ཁྱབ་བྱས་ནས་ན་གཞོན་སློབ་མ་ཕན་ཚུན་འབྲེལ་འདྲིས་བྱ་རྒྱུར་རྒྱབ་སྐྱོབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།