འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ཀྱི་ཙུང་ལི་པུའུ་ལང་དང་གྲོས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་27ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
    ༄༅།།ལི་ཁེ་ཆང་གིས་ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ཀྱི་ཙུང་ལི་པུའུ་ལང་དང་གྲོས་མོལ་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་ཀྱི་ཙུང་ལི་པུའུ་ལང་དང་གྲོས་མོལ་གནང་ཞིང་། ལི་ཁེ་ཆང་གིས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་དང་། དབུལ་ཕྱུག  སྟོབས་ཆེ་ཆུང་བཅས་ཀྱི་དབྱེ་བ་མི་འབྱེད་པར་རྒྱལ་སྤྱིའི་ལས་དོན་ཁྲོད་ཚང་མ་འདྲ་མཉམ་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་ཨན་རྒྱལ་ཁབ་གཉིས་ཀྱི་གནས་ཚུལ་མི་འདྲ་མོད། འོན་ཀྱང་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ཞིང་། གཉིས་ཀའི་མདུན་དུ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་གཏོང་རྒྱུའི་ལས་འགན་དཀའ་ཚེགས་ཆེ་བ་ལྷགས་ཡོད། ང་ཚོས་ཨན་ཐི་ཀྭ་དང་པ་པུ་ཏ་རྒྱལ་ཁབ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་དང་། གཞུང་ལམ་དང་། གནམ་གྲུ་འབབ་ཐང་། གྲུ་ཁ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་སོ་སོའི་དགེ་མཚན་དང་ཟུང་འབྲེལ་བྱས་ནས་ཐོན་ཁུངས་གཙང་མ་གསར་སྤེལ་བྱས་པའི་ཉམས་མྱོང་ལོངས་སྤྱོད་དང་། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སོགས་ཀྱི་་ཁྱབ་ཁོངས་སུ་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།