འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཞོ་སྟོན་རིང་བོད་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འཛིན་
    བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་27ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
    ༄༅།།ཞོ་སྟོན་རིང་བོད་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འཛིན་
བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།
        མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་གསར་འགོད་པར་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཞོ་སྟོན་རིང་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་བཟང་པོ་ཞིག་གཏོད་ཕྱིར་ཉེ་ཆར་དང་དེ་བཞིན་ཞོ་སྟོན་རིང་ལྗོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་པ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མཚན་མོར་ཞིབ་བཤེར་དང་ལམ་ངོས་དོ་དམ་ལ་ཤུགས་སྣོན་རྒྱག་པ།ཞིབ་བཤེར་དང་།དོ་དམ།ཆད་གཅོད་བཅས་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མྱུར་ཚད་ལས་བརྒལ་བ་དང་།ཤོང་ཚད་ལས་བརྒལ་ནས་མི་བླུགས་པ།ཆང་བཏུང་འཁོར་གཏོང་།ངལ་དུབ་འཁོར་གཏོང་སོགས་ཁྲིམས་འགལ་གྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་ཆད་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།དེ་ནི་རྒྱ་ཆེའི་གྲོང་མི་ཚོར་ཞོ་སྟོན་དགའ་གཏོང་བྱེད་པ་དང་དུས་མཚུངས་འགྲིམ་འགྲུལ་བདེ་འཇགས་ལ་དོ་ཁུར་བྱེད་དགོས་པའི་ཉེན་བརྡའང་བཏང་བ་རེད།
        ཟླ་8ཚེས་25ཉིན་ནས་ཟླ་9ཚེས་2ཉིན་བར་ལྷ་སར“གོས་སྐུ་བཀྲམ་པ་དང་།ལྷ་མོ་འཁྲབ་སྟོན།ཐང་ག་འགྲེམས་སྟོན།པར་རིས་འགྲེམས་སྟོན།བོད་ཀྱི་ཁྱད་ལྡན་བཟའ་བཅའ་འོས་སྦྱོར།རྐང་འཁོར་འགྲན་བསྡུར”སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།“འབྲས་སྤུངས་དང་སེ་ར་དགོན་གྱི་གོས་སྐུ་ཞལ་མཇལ་དེ་སྔ་ཕྱི་བར་གསུམ་དུ་ཞོ་སྟོན་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་།དེའི་རིང་ས་གནས་དེ་གའི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ཕྲག་གཅིག་སྡུད་ཐོག་དེར་ཞལ་མཇལ་ལ་ཡོང་གི་ཡོད”ཅེས་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཁྲིམས་ལུགས་དྲིལ་བསྒྲགས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲང་ཞའོ་ནན་གྱིས་གསར་འགོད་པར་བཤད་པ་རེད།ཁོང་གིས་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པ་དང་ཞལ་མཇལ་ཞུ་མཁན་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་ཕྱིར་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བྱེད་སྒོ་སྤེལ་ཡུལ་དང་ཉེ་འགྲམ་གྱི་ལམ་བུར་འགྲིམ་འགྲུལ་དོ་དམ་དང་ཚོད་འཛིན་བྱས་ཏེ་བྱེད་སྒོ་དང་འབྲེལ་བ་མེད་པའི་རླངས་འཁོར་འགྲོ་སྐྱོད་དམ་ཡང་ན་ཟུར་འཇོག་བཀག་འགོག་བྱ་རྒྱུ་རེད།ཁ་ལོ་བས་ས་གནས་ས་ཐོག་གི་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་དང་ཁ་ཏ་བསླབ་བྱ་ཉན་པ་དང་རྒྱ་ཆེའི་མང་ཚོགས་ཚོས་སྤྱི་སྤྱོད་རླངས་འཁོར་སྡོད་པ་དང་རྐང་ཐང་ལ་བརྟེན་ནས་གོས་སྐུ་ཞལ་མཇལ་ལ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།