འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཏེང་ཞའོ་ཀང་གིས་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་
    འཇིགས་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་དང་དེ་བཞིན་བདེ་འཇགས་འགན་ལེན་གྱི་
    ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་27ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        མི་དམས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན་ལོ་གཅིག་དུས་གཅིག་གི་ཞོ་སྟོན་འགོ་ཚུགས་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏེང་ཞའོ་ཀང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་འཇིགས་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། བདེ་འཇགས་འགན་ལེན་བཅས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།
        རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཏེང་ཞའོ་ཀང་གིས་བརྙན་ལམ་གྱི་བཀོད་འདོམས་མ་ལག་བརྒྱུད་སྐབས་བསྟུན་གྱིས་ཕྱོགས་ཚང་མའི་ཐད་ཀྱི་ལས་རེས་མི་སྣ་ལས་གནས་ཐོག་ཡོད་མེད་ཀྱི་གནས་ཚུལ་གྲལ་བཤེར་གནང་བ་དང་།ས་ཁུལ་དང་གྲོང་ཁྱེར་བདུན་དང་དེ་བཞིན་རྫོང་གསུམ་གྱི་འཇིགས་རྒོལ་དང་།བརྟན་ལྷིང་སྲུང་སྐྱོང་།བདེ་འཇགས་འགན་ལེན་བཅས་ཀྱི་ལས་དོན་སྙན་ཞུ་གསན་པ་རེད།རིམ་ཁག་སྣེ་ཁྲིད་འགོ་ཁྲིད་དང་ལས་རེས་མི་སྣ་ཚང་མ་ལས་གནས་ཐོག་བསྡད་དེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་གཟིགས་སྐབས་ཏེང་ཞའོ་ཀང་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་།ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ཏེ་འཐབ་ས་དང་པོར་འབད་བརྩོན་བྱེད་བཞིན་ཡོད་པའི་ཏང་སྲིད་དམག་ཉེན་དམངས་བཅས་ལ་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད།
        ཏེང་ཞའོ་ཀང་གིས་མིག་སྔར་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་མཐུན་དང་བརྟན་ལྷིང་མཐའ་འཁྱོངས་བྱེད་བཞིན་ཡོད་རུང་ད་ཆ་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་ཡོད་སྟབས་མི་འགྲུལ་དང་ཟོག་འགྲུལ་མཉམ་འཛོམས་དང་དམངས་སྲོལ་གྱི་དུས་ཆེན་བྱེད་སྒོ་མང་བས་འཇིགས་རྒོལ་དང་།བརྟན་ལྷིང་སྲུང་སྐྱོང་།བདེ་འཇགས་འགན་ལེན་བཅས་ལས་དོན་གྱི་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བ་ཞིག་ཡོད་སྟབས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ཕྱོགས་ཚང་མའི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ལས་འགན་ཁ་གསལ་དང་འགན་འཁྲི་ཤུགས་ཆེར་གཏོང་བ་དང་བྱེད་ཐབས་དོན་འཁྱོལ་དང་ལས་གནས་བརྟན་སྲུང་གིས་ལས་དོན་ཁག་ཏག་ཏིག་ངང་སྒྲུབ་པ་དང་འཇིགས་རྒོལ་དང་།བརྟན་ལྷིང་སྲུང་སྐྱོང་།བདེ་འཇགས་འགན་ལེན་བཅས་ལས་དོན་གྱི་རང་འགུལ་དབང་ཆ་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་ཡོང་བ་བྱས་ཐོག་ནུས་ཤུགས་ཡོད་རྒུས་དུས་ཆེན་རིང་གི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པ་རྒྱུན་འཁྱོངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཏེང་ཞའོ་ཀང་གིས་གཅིག་ནས་རིག་པ་དྭངས་གསལ་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་པ་དང་།གཉིས་ནས་དམིགས་ཚད་མི་བསྒྱུར་བ་དང་ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ།གསུམ་ནས་བཀོད་སྒྲིག་བྱེད་པ་དང་འགན་འཁྲི་ཆེ་རུ་གཏོང་བ།བཞི་ནས་ཡ་རབས་ངང་ལས་དོན་སྒྲུབ་པ་དང་སྒྲིག་ཁྲིམས་ནན་པོ་སྲུང་བ།ལྔ་ནས་རང་འགུལ་ངང་ལས་དོན་སྒྲུབ་པ་དང་འགན་འཁྲི་ཁུར་ཕོད་པ་བྱེད་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད། ༼བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།༽
      

    ཕྱོགས་བསྡུས་གསར་འགྱུར།