འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་27ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
    ༄༅།།ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཚེས་25ཉིན་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུར་ཕེབས་ཡོད།ཚོགས་འདུ་མ་འཚོག་གོང་ཡུས་ཀྲེང་ཧྲེང་དང་ཀྲང་ཀའོ་ལིས་བོད་སྐྱོར་ལས་བྱེད་པའི་འཐུས་མིར་མཇལ་འཕྲད་གནང་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ནང་ཞུགས་མཁན་ས་ཁུལ་ཁག་དང་།སྡེ་ཚན་ཁགཚན་པ་ཁག་བཅས་དང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པར་ལྷག་བསམ་རྣམ་དག་ངང་འཚམས་འདྲི་ཞུས་པ་རེད།
        ཡུས་ཀྲེང་ཧྲེང་གིས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ནས་གནང་བའི་འཐབ་ཇུས་གལ་ཆེན་དང་།དུས་སྐབས་གསར་པའི་བོད་ཀྱི་ལས་དོན་ཐད་ཀྱི་ཏང་གི་བྱེད་ཕྱོགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ།རང་རྒྱལ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་བཅས་རེད།ལོ་20རིང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་ཁུར་མཁན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དང་།ཀྲུང་དབྱང་གི་སྡེ་ཚན།ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་མི་ཤུགས་དང་།དངོས་ཤུགས།ལག་རྩལ་སོགས་ཀྱི་ཐད་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་སྒོ་ཀུན་ནས་སྤེལ་ནས་མི་རིགས་ཁག་དབར་འབྲེལ་གཏུག་དང་།སྤེལ་རེས།མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་མ་བཏང་བ་དང་།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།རྒྱལ་ཁབ་ཀྱི་གཅིག་གྱུར་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ།ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད།ཁ་གཏད་བོད་སྐྱོར་ལས་དོན་གྱི་ཐབས་ཇུས་གལ་ཆེན་དེ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་།རང་རྒྱལ་གྱི་གནས་ཚུལ་དང་།བོད་ཀྱི་གནས་ཚུལ།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་དང་འཚམས་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
        ཡུས་ཀྲེང་ཧྲེང་གིས་དུས་བབ་གསར་པའི་འོག་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལེགས་པར་སྒྲུབ་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ“ལྟེ་བ་གཅིག་དང་།དོན་ཆེན་གཉིས།འགན་ལེན་བཞི”བཅས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་དང་“ཁྲིམས་ལྟར་བོད་སྐྱོང་བ་དང་།ཡུན་རིང་བོད་འཛུགས་སྐྲུན།མི་སེམས་འགུག་པ།རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཡུན་རིང་རང་བཞིན་དང་།མང་ཚོགས་རང་བཞིན།ཚན་རིག་རང་བཞིན་བཅས་ངོས་འཛིན་དང་ཁོང་དུ་གང་ལེགས་ཆུད་པ་བྱས་ཏེ་དཔལ་འབྱོར་གྱི་བོད་སྐྱོར་དང་།སློབ་གསོའི་བོད་སྐྱོར།ལས་ཞུགས་ཀྱི་བོད་སྐྱོར།ཚན་རྩལ་གྱི་བོད་སྐྱོར།ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ལག་ལེན་ཤུགས་ཆེན་བསྟར་ཏེ་ཁྱོན་ཡོངས་དང་།རིམ་པ་མང་བ།ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྒོ་ནས་བོད་ཀྱི་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྣམ་པ་གསར་པ་སྔར་བས་འཐུས་ཚང་དུ་བཏང་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
        ཡུས་ཀྲེང་ཧྲེང་གིས་ཁ་གཏད་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་།གཞི་རྩའི་བླང་བྱ།ལས་ཀའི་བྱེད་ཐབས་བཅས་སི་ཁྲོན་དང་།ཡུན་ནན།ཀན་སུའུ།མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུའང་སྤྱོད་ཆོགཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་སྐུལ་སློང་བྱས་ཏེ་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་ཁ་གཏད་རྒྱབ་སྐྱོར་བྱེད་པའི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་དང་མི་རིགས་ཁག་གི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་མ་བཏང་སྟེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
        དབྱང་ཅིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།ཏུའུ་ཆིང་ལིན་དང་།ཀུའོ་ཧྲེང་ཁུན།ལིང་ཅི་ཧྭ།ཝང་ཀྲེན་ཝུའེ་བཅས་མཇལ་འཛོམས་ནང་ཞུགས་པ་དང་འབྲེལ་ཚོགས་འདུར་ཡང་ཕེབས་ཡོད།
        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་།ཧྲང་ཧའེ་གྲོང་ཁྱེར།ཀྲུང་དབྱང་རྩ་འཛུགས་པུའུ།རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་།རྒྱལ་ཁབ་གློག་དྲ་ཀུང་སི་བཅས་ཀྱི་འགན་ཁུར་བློ་མཐུན།བོད་སྐྱོར་ལས་བྱེད་ཀྱི་འཐུས་མི་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་དང་ཚོགས་ཆེན་ཐོག་ད་དུང་ཁ་གཏད་བོད་སྐྱོར་གྱི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་བ་རེད།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་།འབྲེལ་ཡོད་མི་དམངས་ཚོགས་པ།བོད་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་བཅས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་དེ་བཞིན་བོད་སྐྱོར་ལས་བྱེད་ཀྱི་འཐུས་མི་སོགས་600ལྷག་ཙམ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད།ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་བཅུ་དྲུག་དང་བོད་དང་།སི་ཁྲོན།ཡུན་ནན།ཀན་སུའུ།མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔར་ཡན་ལག་ཚོགས་ར་བཙུགས་ཡོད་པ་དང་འབྲེལ་ཡོད་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།