འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

    ༄༅།།ཞིས་ཅིན་ཕིང་གིས་ཙམ་པ་པབ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཅ་པེ་དང་གྲོས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་26ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཙམ་པ་པབ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཅ་པེ་དང་གྲོས་མོལ་གནང་བ།
        མི་དམངས་དྲ་བའི་ཕྲིན། ཟླ་8ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཙམ་པ་པབ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཅ་པེ་དང་གྲོས་མོལ་གནང་ཞིང་། ཞིས་ཅིན་ཕིང་གིས་ཀྲུང་ཙམ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་དང་མུའུ་ཅ་པེ་ཡིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་གནང་བར་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། ཀྲུང་གོའི་མི་དམངས་ནི་བརྩེ་དུང་ལ་གཙིགས་ཆེན་པོ་བྱེད་མཁན་ཡིན་པས། ང་ཚོས་དུས་ནམ་ཡང་སྐྱིད་སྡུག་མཉམ་མྱོང་དང་། ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་མྱོང་བའི་གྲོགས་པོ་རྙིང་པ་བརྗེད་མི་སྲིད། ཀྲུང་གོའི་ཕྱོགས་ཀྱིས་ཙམ་པ་པབ་ཝེ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ་དང་། ཕན་ཚུན་རྒྱབ་སྐྱོར་། གཉིས་ཕན་མཉམ་རྒྱལ། ཐུན་མོང་དུ་འཕེལ་རྒྱས་འགྲོ་བ་བཅས་ཀྱི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། སྤུན་ཟླ་བཟང་པོ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།