འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ཡུལ་སྐོར་ལས་རིགས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་
    སྐོར་གྱི་བསམ་འཆར་འགའ་ཞིག་༽བཀྲམས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་25ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ ༼ཡུལ་སྐོར་ལས་རིགས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་༽བཀྲམས་པ་རེད། བསམ་འཆར་ནང་ཡུལ་སྐོར་ལས་རིགས་སྒྱུར་བཅོས་དང་འཕེས་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་རིམ་སྤོར་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་འཚམས་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དེས་ལས་ཞུགས་རྒྱ་ཆེར་དང་ཡོང་སྒོ་མང་དུ་བཏང་སྟེ་དབུས་ནུབ་ས་ཁུལ་གྱི་འཕེལ་རྒྱས་དང་ས་ཁུལ་དབུས་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་མ་གཏོང་རྒྱུ་དང་དེ་བཞིན་དཔལ་འབྱོར་བརྟན་པའི་ངང་འཕར་བ་དང་སྣོད་བཅུད་ཁོར་ཡུག་ཡག་ཏུ་འགྲོ་བར་སྐུལ་མ་ཐེབས་རྒྱུར་དོན་སྙིང་གལ་ཆེན་ལྡན་ལ་མི་དམངས་ཀྱི་འཚོ་བའི་ཁ་ཐབ་ཡག་ཏུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པ་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།