འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་སྒོར་དུང་ཕྱུར་24བཏང་སྟེ་ཞིང་ཆེན་8དུ་ཁྲོམ་ར་ཅན་གྱི་བྱེད་ཐབས་ཐོག་
    ནས་རྒན་གསོ་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་25ཉིན། 08:04】   (རྩོམ་སྒྲིག་འགན་འཁུར་པ།སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་ནོར་སྲིད་པུས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་24བཏང་སྟེ་ཅི་ལིན་དང་ཧྲན་ཏུང་སོགས་ཞིང་ཆེན་8དུ་ཁྲོམ་ར་ཅན་གྱི་བྱེད་ཐབས་ཐོག་ནས་རྒན་གསོ་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
         གསར་འགོད་པས་ནོར་སྲིད་པུའུ་དཔལ་འབྱོར་འཛུགས་སྐྲུན་སི་ནས་ཤེས་རྟོགས་བྱུང་གསལ། ཚོད་ལྟ་བྱེད་རིང་གཙོ་བོ་ཀྲུང་དབྱང་ནོར་སྲིད་ཀྱི་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ཐོག་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་གྱི་ཁྲིད་སྟོན་བྱེད་པ་དང་ས་གནས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱིས་མཉམ་དུ་མ་རྩ་བཏོན་ནས་ཐེབས་རྩའི་ལས་སྟེགས་འཛུགས་པ་དང་ཁྲོམ་ར་ཅན་གྱི་འཁོར་སྐྱོད་བྱ་ཐབས་ལྟར་ཁྱིམ་སྡོད་རྒན་གསོ་དང་། གཅིག་སྡུད་རྒན་གསོ། སྡེ་ཁུལ་ཕྱོགས་བསྡུས་ཞབས་ཞུ་སོགས་རྣམ་པ་སྣ་ཚོགས་དང་གཞི་རིམ་དམངས་ཚོགས་ལ་ཕྱོགས་པའི་རྒན་གསོ་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒན་གསོ་ཞབས་ཞུའི་ཐོན་ལས་མགྱོགས་མྱུར་དང་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲོམ་ར་ཅན་དང་ཚོང་ལས་ཅན་གྱི་རྣམ་པའི་ཐོག་ནས་རྒན་གསོ་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་ནུས་ལྡན་གྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།