འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་གྲོང་ཁྱེར་གྱི་ལས་བྱེད་པ་376བོད་ལྗོངས་སུ་ཁ་གཏད་རོགས་སྐྱོར་གནང་བར་
    ཕེབས་ཏེ་གངས་ཅན་ལྗོངས་སུ་མཛད་རྗེས་ཆེན་པོ་བཞག་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་22ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ།སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་20ཡི་རིང་ཧྲང་ཧའེ་གྲོང་ཁྱེར་གྱི་འགོ་ཁྲིད་ལས་འགན་རིམ་ཁུར་གྱིས་བོད་སྐྱོར་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་སྟེ་སྔ་གཞུག་ཏུ་ཁག་བདུན་ལ་ཧྲང་ཧའེ་གྲོང་ཁྱེར་གྱི་ལས་བྱེད་པ་ཁྱོན་བསྡོམས་376རི་བོ་ཇོ་མོ་གླང་མའི་ཞོལ་གྱི་གཞིས་ཀ་རྩེ་ས་ཁུལ་ཁོངས་སུ་གཏོགས་པའི་རྒྱལ་རྩེ་དང་། གྲོ་མོ། ས་སྐྱ། ལྷ་རྩེ། དིང་རི་བཅས་རྫོང་ལྔ་རུ་མངགས་པ་དང་། བོད་སྐྱོར་མ་དངུལ་སྔ་ཕྱི་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་26.34བཏང་ནས་ལས་གཞི་1216བསྒྲུབས་པ་དང་། ས་གནས་དེ་གའི་ཤེས་ལྡན་མི་སྣ་སྣ་ཚོགས་མི་ཐེངས་ཁྲི་2.78གསོ་སྦྱོང་བྱེད་རོགས་གནང་བས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།