འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་མ་གཏོང་
རྒྱུའི་སྐོར་གྱི་བསམ་འཆར་>>པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་01ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
    མི་དམངས་དྲ་བའི་འཕྲིན། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་>>པར་འགྲེམས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་དོན་ཚོགས་འདུ་བཅས་ཐོག་གི་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བརྟན་པོ་ཐུབ་ནུས་དང་འཚོ་བ་བརྟན་པོ་འཁྱོལ་ནུས་ལྡན་པའི་རྒྱུན་སྡོད་མི་འབོར་གོ་རིམ་ལྡན་པའི་ངང་ནས་གྲོང་མི་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ཚང་མར་ཁྱབ་རྒྱུར་སྐུལ་མ་བརྟན་པོ་གཏོང་དགོས་པ་བཀོད་པ་བྱས་ཡོད། <<བསམ་འཆར་>>བཏོན་པ་དེ་ཐོག་ནས་ཐེམ་ཐོ་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་མ་གཏོང་རྒྱུ་དེ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
  

ཕྱོགས་བསྡུས་གསར་འགྱུར།