འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཧྥུའུ་ཅན་དུ་བཅའ་སྡོད་བྱས་པའི་དཔུང་དམག་ལ་འཚམས་གཟིགས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་01ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
༄༅།།ཞིས་ཅིན་ཕིང་གིས་ཧྥུའུ་ཅན་དུ་བཅའ་སྡོད་བྱས་པའི་དཔུང་དམག་ལ་འཚམས་གཟིགས་གནང་བ།
    བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཧྥུའུ་ཅན་ཞིང་ཆེན་དུ་ཕེབས་ནས་དཔུང་དམག་གི་དམག་མི་རྣམས་དང་གཉིས་བཀུར་དཔེ་ལེགས་མི་སྣར་འཚམས་གཟིགས་པ་མ་ཟད། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཚབ་ཞུས་ནས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་དམག་དཔུང་གི་དམག་མི།དམངས་དམག་གི་གྲ་སྒྲིག་དངོས་ཞབས་མི་སྣ་བཅས་ལ་ལྷགབསམ་ཟོལ་མེད་ངང་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་རེད།
    ཞིས་ཅིན་ཕིང་གི་གསུང་དོན། གནས་བབ་གསར་པའི་འགན་འཁྲིར་དམིགས་ནས་རིམ་ཁག་དམག་མི་ཡོངས་ཀྱིས་དམག་དཔུང་སྟོབས་ལྡན་དུ་འགྱུར་བའི་དམིགས་འབེན་མཐའ་འཁྱོངས་བྱས་ཏེ་ཏན་ཏིག་ངང་དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་ལ་སྐུལ་འདེད། དམག་དོན་འཐབ་རྩོད་ལ་གྲ་སྒྲིག  འགན་འཁྲི་དོན་འཁྱོལ་གྱི་ནུས་པ་མཐོར་འདེགས་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་དགོས།
༄༅།།ཞིས་ཅིན་ཕིང་གིས་ཧྥུའུ་ཅན་དུ་བཅའ་སྡོད་བྱས་པའི་དཔུང་དམག་ལ་འཚམས་གཟིགས་གནང་བ།
  

ཕྱོགས་བསྡུས་གསར་འགྱུར།