འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།འདི་ལོར་བོད་ལྗོངས་ཀྱིས་སྒོར་དུང་ཕྱུར་༨༠བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་
བྱེད་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 07ཚེས་31ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
    ཉེ་ཆར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་ལྟར་ན།འདི་ལོར་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་སྒོར་དུང་ཕྱུར་༨༠བཏང་སྟེ། ༢༠༡༥ལོར་སླེབས་སྐབས་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་བགྲོད་ཐུབ་ཚད་༡༠༠%ཟིན་པ་བྱ་རྒྱུ་དང་། ༢༠༢༠ལོར་སླེབས་སྐབས་ཤང་དང་གྲོང་རྡལ་༡༠༠%དང་སྒྲིག་གཞི་ཚང་བའི་གྲོང་ཚོ་༥༠%ལ་སྣུམ་ནག་ལམ་འདིང་རྩིས་ཡོད་པ་རེད།
    བསྡོམས་རྩིས་བྱས་པར་གཞིགས་ན། ༢༠༡༣ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་༥༨༠༠༠ཟིན་པའི་ནང་།ལྗོངས་ཡོངས་ཀྱི་ཤང་(གྲོང་རྡལ་)༦༨༢དང་སྒྲིག་གཞི་ཚང་བའི་གྲོང་ཚོ་༥༢༦༡ཁྲོད་ཤང་(གྲོང་རྡལ་)༦༨༠དང་སྒྲིག་གཞི་ཚང་བའི་གྲོང་ཚོ་༥༡༢༥ལ་གཞུང་ལམ་ཐར་ནས་ཐར་ཚད་༩༩.༧%དང་༩༧.༤%སོ་སོར་ཟིན་པ་ཕུད།རྫོང་རིམ་པར་འགྲུལ་པ་སྐྱེལ་འདྲེན་ཁེབས་ཚད་༩༨.༦%དང་ཤང་དང་གྲོང་རྡལ་ལ་ཁེབས་ཚད་༥༦%ཟིན་ཡོད།
  

ཕྱོགས་བསྡུས་གསར་འགྱུར།