འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་<<2014ལོའི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་སྙན་ཞུ་>>
ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 07ཚེས་31ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
    མི་དམངས་དྲ་བའི་འཕྲིན།ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུས་ཀྱིས་<<2014ལོའི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་སྙན་ཞུ་>>ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་སྟོབས་ཆུང་ཉམ་ཞན་ལ་ལྟ་སྟངས་གསར་རྐྱང་ཐོག་ནས་དཀའ་ཉེན་ལས་སྒྲོལ་བའི་ནུས་པ་ཆེ་རུ་ཇི་ལྟར་གཏོང་དགོས་པའི་སྐོར་གྱི་གྲོས་འགོ་རབ་དང་རིམ་པ་བཏོན་ཡོད།དེ་བཞིན་སྙན་ཞུའི་ནང་དེང་སྐབས་སའི་གོ་ལའི་མི་འབོར་80%ཙམ་ལ་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཀྱི་འགན་ལེན་མེད་པ་དང་།མི་འབོར་དུང་ཕྱུར་8.42དུས་ཡུན་རིང་པོ་བཀྲེས་ལྟོགས་ཀྱིས་མནར་བ། བཟོ་པ་དུང་ཕྱུར་15ལ་ལུགས་མཐུན་གྱི་ལས་ཞུགས་སམ་ཡང་ན་གཏན་འཇགས་ཀྱི་ལས་ཞུགས་བྱ་རྒྱུ་མེད་པ་འའཁོད་ཡོད། དེར་བརྟེན་སྙན་ཞུའི་ནང་རྒྱལ་ཁབ་ཁག་གིས་གོང་གསལ་གྱི་གནད་དོན་ལ་དམིགས་པའི་བྱ་ཐབས་བཏོན་ཏེ་ལེགས་བཅོས་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད།
  

ཕྱོགས་བསྡུས་གསར་འགྱུར།